ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཆུ་ལོག་སྔོན་འགོག་དང་འགྲིམ་འགྲུལ་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།
2023.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

མིག་སྔར།   རང་ཞིང་ཆུ་ལོག་སྔོན་འགོག་གི་གནད་འགག་དུས་སྐབས་སུ་གནས་པ་དང་།  ཡུལ་སྐོར་བ་མང་བའི་དུས་ཚིགས་དང་ཆུ་ལོག་འབྱུང་སླ་བའི་དུས་ཚིགས་བསྣོལ་མར་འདྲེས་ཡོད་ལ།   གཞུང་ལམ་འགྲིམ་འགྲུལ་གྱི་དུས་ཚིགས་རང་བཞིན་གྱི་ཉེན་ཁ་ཅུང་འབུར་ཐོན་ཡིན་པས།   ཟླ་བརྒྱད་པའི་ཚེས་བཞི་ཉིན།   ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་སོ་སོར་གཞུང་ལམ་འཁོར་སྐྱོད་དང་བཟོ་སྐྲུན་འཛུགས་སྐྲུན།   ཆུ་ཐོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ཆུ་ལོག་འབྱུང་སླ་བའི་དུས་སྐབས་ཀྱི་བདེ་འཇགས་དོ་དམ་དང་ཉེན་ཁ་སྔོན་འགོག་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་གིས་ཆུ་ལོག་འབྱུང་སླ་བའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་མཐོང་ཆེན་བྱས་ཏེ་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གཙོ་གནད་བྱ་བར་བཀོད་སྒྲིག་བཟང་བོ་བྱེད་དགོས་པ་དང་།    ལམ་གཅིག་ལ་སྲིད་ཇུས་གཅིག་དང་གནས་གཅིག་ལ་སྲིད་ཇུས་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་ལམ་དུམ་གཙོ་བོ་དང་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་སྐོར་ཞིབ་ཤུགས་ཚད་ཆེ་རུ་གཏོང་བ།   ཞོལ་འགོག་རྒུད་སྐྱོབ་ཀྱི་བྱེད་ཐབས་སོ་སོ་ཇེ་ཞིབ་ཏུ་གཏོང་བ།   ཞོད་འགོག་རྒུད་སྐྱོབ་བྱ་བའི་རང་འགུལ་དབང་ཆ་དམ་པོར་འཛིན་པ་བཅས་བྱས་ཏེ་གཞུང་ལམ་གྱི་བདེ་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

                                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།