ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐོག་མ་ཡིན་ལ། ཉིན་དེའི་སྔ་དྲོར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཅས་ཀྱིས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་བརྗོད་དོན་ལ་དམིགས་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་ན་གཞོན་འཕྲལ་རྒོལ་རུ་ཁག་བཙུགས་ནས་དར་ཆ་སྤྲོད་པའི་བྱེད་སྒོ་དང་མཚོ་སྔོན་ལ་གསལ་ཆ་ཡོད་པ། མཚོ་སྔོན་ལ་དགའ་བ་ཡོད་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་ཞེས་པའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ན་གཞོན་གྱི་གཞུང་ལུགས་མཉམ་སློབ་བྱེད་སྒོ་སྤེལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་གྱ་བདུན་ནས་ཡོང་བའི་ན་གཞོན་འཕྲལ་རྒོལ་རུ་ཁག་གི་མི་སྣ་བཞི་བརྒྱ་ལྷག་བྱེད་སྒོར་ཞུགས།
དར་ཆ་སྤྲོད་པའི་བྱེད་སྒོའི་སྟེང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་གཞོན་འཕྲལ་རྒོལ་རུ་ཁག་ལ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྒྱ་ཁྱབ་ངང་སློབ་སྦྱོང་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་དྲིལ་སྒྲོག་ཤུགས་ཆེན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོ་དང་སྟོབས་ཤུགས་འབུལ་དགོས་ལ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཁྲོད་སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྐྲུན་པའི་ཐད་ལང་ཚོ་དང་སྟོབས་ཤུགས་འབུལ་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དར་སྤེལ་བཏང་ནས་རང་རྟོགས་ངང་སྟབས་བདེ་བབ་ཆགས་དང་ལྗང་མདོག་ཐཱན་དམའི་འཚོ་བ་རོལ་བར་ལང་ཚོ་དང་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐུལ་བཏང་།
ན་གཞོན་གྱི་གཞུང་ལུགས་མཉམ་སློབ་གོ་རིམ་ཁྲོད། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཚན་རིག་མཐུན་ཚོགས་བཅས་ཀྱི་ན་གཞོན་འཕྲལ་རྒོལ་རུ་མིས་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱེད་པའི་མཐོ་ས་གསར་བ་སྐྲུན་པ་སྣེ་ཁྲིད་དུ་བྱེད་པར་དམིགས་པ་དང་། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ཁྲོད་ཕན་འབྲས་ལེན་པ་བཅས་ཀྱི་ཐད་ནས་སྒྲོག་འགྲེལ་བྱས།
མི་ཕམ་མགོན་པོས་བསྒྱུར།