རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ།
2023.08.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

རྒྱལ་ཁབ་ནགས་ལས་རྩྭ་ས་ཅུའུ་ཡིས་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། རང་རྒྱལ་གྱིས་ཐོག་དང་པོར་ཆོག་མཆན་བཀོད་པའི་རྒྱལ་ཁབ་སྤྱི་གླིང་ལྔ་ལ་སྐྱེ་ཁམས་སྲུང་སྐྱོབ་སོགས་ཕྱོགས་ནས་ཕན་འབྲས་མངོན་གསལ་ཐོབ།

རང་རྒྱལ་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པ་ནས་བཟུང་གཙང་གསུམ་འབྱུང་ཡུལ་དང་དོམ་ཁྲ་སོགས་རྒྱལ་ཁབ་སྤྱི་གླིང་ལྔ་འཛུགས་པར་ཐོག་དང་པོར་ཆོག་མཆན་བཀོད་པའི་ཚུན་ལ། ཐོག་དང་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་གི་བྱེད་ནུས་བསྟུད་མར་སླར་གསོ་བྱུང་ནས་བཟང་ཕྱོགས་སུ་འཕེལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཡུལ་གྱི་སྤྱིའི་སྲུང་སྐྱོབ་མངོན་འགྱུར་བྱས་པ་དང་། དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་གིས་བརྒྱ་ཆའི་བདུན་ཅུ་ཡན་གྱི་རི་སྐྱེས་དོམ་ཁྲ་ལ་སྲུང་སྐྱོབ་བྱས་ཏེ། དོམ་ཁྲའི་ཁྱུ་ཚོགས་ཀྱི་སྐྱེ་ཁམས་བར་ཁྱམས་བཅུ་གསུམ་དཀྱུས་གཅིག་ཏུ་སྦྲེལ། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གི་བྱང་ཤར་སྟག་གི་གྲངས་ཀ་ལྔ་བཅུ་ལས་བརྒལ་བ་དང་། བྱང་ཤར་གཟིག་གི་གྲངས་ཀ་དྲུག་ཅ་ལས་བརྒལ། ཧེ་ནན་ཚ་ཁུལ་ཆར་ནགས་རྒྱལ་ཁབ་སྤྱི་གླིང་གི་སྤྲ་དཔུང་རིང་གི་ཁྱུ་ཚོགས་ཀྱི་གྲངས་ཀ་ཁྱུ་དྲུག་དང་སྤྲ་སོ་བདུན་ལ་སླར་གསོ་བྱུང་། ཝུའུ་དབྱི་རི་བོའི་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་དངོས་རིགས་སྣ་གསར་བ་བཅུ་བདུན་གསར་དུ་བྱུང་།