མདོ་ལ་རྫོང་དང་ཁྱིམ་མཚེས་རྫོང་དྲུག་བར་ཁུལ་ཁོངས་བརྒལ་བའི་ཏང་འཛུགས་མནའ་འབྲེལ་ཆེན་མོ་བཙུགས།
2023.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། དམར་མདོག་གི་སྣེ་ཁྲིད་དང་ཁྱིམ་མཚེས་སེམས་གཅིག་བརྗོད་སྙིང་དུ་བྱས་པའི་ཏང་འཛུགས་མནའ་འབྲེལ་ཆེན་མོ་འཛུགས་པའི་འགོ་རྩོམ་མཛད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཟློས་གར་གླིང་དུ་བསྡུས། མདོ་ལ་རྫོང་གི་ཡུལ་ཚོ་དྲུག་དང་གྲོང་རྡལ་བདུན་གྱིས་ཁྱིམ་མཚེས་རྫོང་དྲུག་དང་ར་བ་གཅིག་དང་ལྟེ་གནས་གཅིག་བར་མཉམ་འཛུགས་གྲོས་མཐུན་ཡི་གེ་བཀོད།

ས་ཁུལ་བརྒལ་བའི་འགལ་རྩོད་ཐག་གཅོད་པ་དང་ཁུལ་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཕན་ཚུན་སློབ་སྦྱོང་དང་བརྗེ་རེས་བྱེད་ཆེད། མདོ་ལ་རྫོང་གིས་་ཁྱིམ་མཚེས་ཞིང་ཆེན་ཀན་སུའུ་ཞིང་ཆེན་མེན་ལི་རྫོང་དང་ཧྲན་ཏན་རྟ་ར། པོ་ཕེན་ཆུ་བོའི་ཕྱུགས་ར། སུའུ་ནན་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་། རྟ་ཐང་ནོར་ར་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། མདའ་བཞི་རྫོང་། རྐང་ཚ་རྫོང་བཅས་བར་གཞི་རིམ་ཏང་འཛུགས་དང་གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྡེ་བའི་ཐོན་མོང་དཔལ་འབྱོར། ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་ཀྱི་ཉམས་མྱོང་བྱེད་ཐབས་ཐད་ནས། ཁུལ་ཁོངས་བརྒལ་བའི་ཏང་འཛུགས་མནའ་འབྲེལ་ཆེན་མོའི་རྐྱེན་སྲོལ་བཙུགས།

ཐེངས་འདིའི་ཏང་འཛུགས་མནའ་འབྲེལ་ཆེན་མོ་འཛུགས་སྐྲུན་ཐད་ནས། ཕྱོགས་མང་མཉམ་འབྲེལ་དང་རིམ་མང་མཉམ་འགུལ། ཤུགས་མང་མཉམ་སྤྱོད་ཀྱི་ཏང་འཛུགས་མནའ་འབྲེལ་ཆེན་མོའི་མཉམ་ལས་མ་དཔེར་བརྟེན་ནས། ས་གཉིས་ལ་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་བཟང་བོ་འདོན་སྤྲོད་བྱས་ལ། ཏང་འཛུགས་བྱ་བ་གཏིང་ཟབ་ཏུ་གཏོང་བའི་ཕན་ཡོད་འཚོལ་ཞིབ་ཀྱང་ཡིན། ཏང་འཛུགས་མནའ་འབྲེལ་གྱིས་སྲིད་འཛིན་ཁོངས་གཏོགས་འབྲེལ་བའི་འགག་སྒོ་གཏོར་བ་དང་། ཏང་འཛུགས་གཞི་རིམ་བཅོས་སྐྱོང་ཁྲོད་འདྲེས་པར་འཚོལ་ཞིབ་བྱས་ལ། མཐའ་མཚམས་ས་ཁུལ་གྱི་སྐྱེ་ཁམས་མཛའ་མཐུན་དང་སྤྱི་ཚོགས་གཏན་འཇགས། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས་མངོན་འགྱུར་བྱས་པ་དང་། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ཏང་འུགས་དང་སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་མཉམ་བསྲེས་འཕེལ་རྒྱས་བཅས་ལ་སྔར་ལས་ཤུགས་བསྣན་ཞིང་། ཏང་འཛུགས་མཉམ་འཛུགས་དང་སྐྱེ་ཁམས་མཉམ་འཛུགས། བདེ་སྐྱོང་མཉམ་སྡོམ། འཕེལ་རྒྱས་མཉམ་བརྩོན། མི་རིགས་མཉམ་འདྲེས། བདེ་འཇགས་མཉམ་སྐྲུན་གྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་ནས། ཏང་འཛུགས་ཀྱིས་རོང་འབྲོག་ཁུལ་གྱི་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་གསར་བ་བཙུགས།

རིན་ཆེན་མཚོས་བསྒྱུར།