རང་ཞིང་གིས་ལས་ཁུངས་ཟ་ཁང་གི་ཟས་རིགས་བདེ་འཇགས་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱས།
2023.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དམངས་སྲིད་ཐིན།  ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།   ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུའུ་བཅས་དང་མཉམ་དུ་དུས་ཡུན་ཟླ་ལྔའི་རིང་གི་ལས་ཁུངས་ཟ་ཁང་གི་ཟས་རིགས་བདེ་འཇགས་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་ཏེ་སློབ་གྲྭ་དང་བྱིས་བཅོལ་ཁང་།   སྨན་ཁང་།    རྒན་གསོ་ཁང་སོགས་ཀྱི་ཟ་ཁང་གི་བདག་གཉེར་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་འགོག་དང་ཐག་བཅད།

ཆེད་དོན་བཅོས་སྐྱོང་གིས་འགན་འཁྲི་ཇེ་དམ་ཏུ་གཏོང་བ་དང་མཉམ་ཤུགས་འདོན་པ།  གནད་དོན་ཁྲིད་ཕྱོགས།   རྩ་ལག་མཉམ་བཅོས།   ཕྱོགས་བསྡུས་ཇུས་བསྟར།   སྤྱི་ཚོགས་ཀྱི་ལྟ་སྐུལ་དོ་དམ།   ཕྱོགས་མང་མཉམ་བཅོས་སོགས་ཀྱི་རྩ་དོན་ལྟར།   སློབ་གྲྭ་དང་བྱིས་བཅོལ་ཁང་།  སྨན་ཁང་།  རྒན་གསོ་ཁང་སོགས་ཀྱི་ཟ་ཁང་གིས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།   ཟས་རིགས་བདེ་འཇགས་ཀྱི་ཉིན་རེའི་དོ་དམ་དང་གཟའ་འཁོར་རེའི་ཞིབ་བཤེར། ཟླ་རེའི་བཀོད་གཏོང་ལམ་ལུགས་ལག་བསྟར་བྱེད་པ།   མི་སྣའི་བདེ་ཐང་དོ་དམ་དང་ཟས་རིགས་ནང་འདྲེན་ཐད་ཀྱི་ཞིབ་བཤེར།   ལས་སྣོན། ཆ་འཕྲིན་ཡོངས་བསྒྲགས་སོགས་ཟས་རིགས་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་གནས་ཚུལ་གཙོར་བཟུང་ནས་དག་ཐེར་ལེགས་བཅོས་བྱས།

ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་བ་བརྒྱུད་དེ།    ལས་ཁུངས་ཟ་ཁང་གི་ཟས་རིགས་བདེ་འཇགས་དོ་དམ་ཚད་ལྡན་མིན་པ་དང་ལམ་ལུགས་ལག་བསྟར་བྱས་པ་གནད་འཁེལ་མིན་པ།   ཟ་ཁང་གི་འཕྲོད་བསྟེན་མི་བཟང་བ།  ཟས་རིགས་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་ཐེངས་མང་བ་སོགས་འབུར་ཐོན་གནད་དོན་ཐག་བཅད་པ་དང་།   ལས་ཁུངས་ཟ་ཁང་གི་ཚད་ལྡན་དོ་དམ་དང་ལས་གཉེར་མི་སྣའི་ཟས་རིགས་བདེ་འཇགས་འདུ་ཤེས་མཐོར་འདེགས་གཏོང་བ།   ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱེད་པ་སོགས་ལ་སྐུལ་འདེད་བཏང་བར་མ་ཟད།   ཡུན་ཕན་ལམ་ལུགས་ནང་རྐྱེན་བཙུགས་ཏེ་ལས་ཁུངས་ཟ་ཁང་གི་ཟས་རིགས་བདེ་འཇགས་ཆུ་ཚད་མཐོར་འདེགས་བཏང་།

                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།