ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བྱེད་ཐབས་མང་པོ་བརྒྱུད་དེ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པར་རོགས་འདེགས་བྱས།
2023.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་ཆེད།   ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཉེ་ལམ་དོན་ཚན་བདུན་དང་བྱེ་བྲག་གི་བྱེད་ཐབས་བཅོ་ལྔ་གཏན་འབེབས་བྱས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པར་རོགས་འདེགས་བྱས།

ལས་ཞུགས་ཞབས་ཞུ་མཐོར་འདེགས་བྱས་ཏེ་དངོས་མིང་ཐོ་འགོད་ལ་ཤུགས་བསྣན་པ་དང་།   དངོས་མིང་ཐོ་འགོད་བྱས་པའི་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མར་འབྲེལ་གཏུག་བྱས་ཏེ་གཅིག་གཅིག་གསུམ་གཅིག་གི་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས་པ་དང་།   དུས་ཐོག་ཏུ་ཆ་འཕྲིན་གསར་སྒྱུར་བྱས་ཏེ་ལས་ཞུགས་ཞབས་ཞུ་གེགས་མེད་ཡོང་བར་འགན་སྲུང་བྱས།   མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབས།   ལས་མི་བསྡུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལས་ཞུགས་ལས་གནས་འདོན་སྤྲོད་བྱས་པ་དང་།   དབང་བོ་སྐྱོན་ཅན་སོགས་དཀའ་ཁག་ཡོད་པའི་མཐར་ཕྱིན་སློབ་མར་རིགས་བགར་ཏེ་མི་རེ་ལ་ཡིག་ཚགས་རེ་དང་མཐར་ཕྱིན་སློབ་མ་རེ་ལ་སྲིད་ཇུས་གཅིག་གི་གནད་ཕིགས་རོགས་སྐྱོར་ལག་བསྟར་བྱས་པར་མ་ཟད།   ཞིང་སྡེའི་མཐར་ཕྱིན་སློབ་མར་དོ་ཁུར་བྱས་ཏེ་ ནུས་པ་མཐོར་འདེགས་དང་ལས་གནས་མཛུབ་སྟོན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།

ལས་ཞུགས་ལྟ་སྦྱོང་དམ་འཛིན་ནན་མོ་བྱས་ཏེ་མི་བཀོལ་སྡེ་ཁག་གིས་མཐར་ཕྱིན་སློབ་མར་འཚམ་པའི་ཚན་ཞིབ་དང་ལག་རྩལ།  དོ་དམ།  སྤྱི་ཚོགས་ཞབས་ཞུ་བཅས་རིགས་ཀྱི་ལས་གནས་གསར་སྤེལ་དང་སྔོན་འདོན་བྱེད་པར་སྐུལ་མ་བཏང་ནས་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་ཤུགས་བསྣན།   རྩལ་ནུས་གསོ་སྦྱོང་ཇེ་དྲག་ཏུ་བཏང་སྟེ་དུས་ཡུན་ཐུང་ངུའི་གསོ་སྦྱོང་དང་དུས་ཡུན་རིང་འབྲིང་གི་གསོ་སྦྱོང་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་པ་དང་།   སྤུས་ལེགས་ཐོན་ཁུངས་གཅིག་བསྡུས་དང་སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་།   ལས་རིགས་གསོ་སྦྱོང་སྡེ་ཁག་དང་ཁེ་ལས་གསོ་སྦྱོང་ལྟེ་གནས་སོགས་སྡེ་ཁག་གིས་མཐོ་རིམ་མཐར་ཕྱིན་སློབ་མར་ཁ་གཏད་དེ་ཕྱོགས་ངེས་དང་ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་སྤེལ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས།

ལྟ་སྦྱོང་དངོས་སྦྱོང་དང་སྲིད་ཇུས་སྟེང་སྐུལ་མ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱ་ཆེའི་ན་གཞོན་གྱིས་ལུགས་མཐུན་གྱི་ལས་ཞུགས་ལྟ་བ་དང་ལས་རིགས་ལྟ་བ།  འཇོན་མིའི་ལྟ་བ་འཛུགས་པ་དང་།  དོན་དངོས་དང་མཐུན་པའི་སྒོ་ནས་ལས་རིགས་དང་བྱ་བའི་ལས་གནས་འདེམ་པར་ཁྲིད་སྟོན་བྱས།

                                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།