ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྗོང་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེར། ཏུའུ་ལན་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཉོ་ཚོང་ལྟེ་གནས་དངོས་སུ་བཙུགས་པ་དང་། དེས་རང་རྒྱལ་གྱི་ཆེས་ཆེ་བའི་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ཁུལ་ཁོངས་ལ་གཏན་འཇགས་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་བྱེད་ས་ཡོད་པ་མཚོན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཉོ་ཚོང་ལྟེ་གནས་དེས་འཕང་འབྲས་ཐོན་རྫས་གཅིག་གྱུར་ངོ་སྤྲོད་དང་གཅིག་གྱུར་ལས་སྣོན། གཅིག་གྱུར་བཤེར་འཇལ། གཅིག་གྱུར་ཐུམ་རྒྱག གཅིག་གྱུར་ཕྱིར་འཚོང་། གཅིག་གྱུར་དངོས་རྒྱུག་བཅས་ཀྱི་གཅིག་གྱུར་དྲུག་གི་རྩ་དོན་ལྟར། སྤུད་ཚད་ཁུངས་འདེད་དང་རིན་གོང་ཆ་འཕྲིན། གློག་རྡུལ་ཕྱིར་འཚོང་། དངོས་རྒྱུག་སྐྱེལ་འདྲེན་བཅས་ཀྱི་སྟེགས་བུ་ཆེན་པོ་བཞི་བཙུགས་ནས་འཐུང་ཚང་དུ་གཏོང་བ་དང་། གོ་རིམ་ཧྲིལ་བོའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལྟ་སྐུལ་དོ་དམ་མ་ལག་དང་སྐྱེ་ལྡན་ར་སྤྲོད་མ་ལག ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་མ་ལག་བཅས་འཐུས་ཚང་དུ་བཏང་སྟེ་ཐོན་འཚོང་འབྲེལ་མཐུད་བྱས་ཆོག་པ་དང་ཆ་འཕྲིན་འདྲི་རྩད་བྱས་ཆོག་པ། འགོ་ཁུངས་ཁུངས་འདེད་བྱས་ཆོག་པ་སོགས་མངོན་འགྱུར་བྱེད་རྒྱུ་རེད། ཉོ་ཚོང་ལྟེ་གནས་དེ་འཛུགས་སྐྲུན་བྱས་ནས་འཁོར་སྐྱོད་བྱས་པ་དེས། མཚོ་ནུབ་ཁུལ་གྱི་འཕང་འབྲས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། ཚྭ་འདམ་ཆེ་བའི་འཕང་འབྲས་ཀྱི་མིང་གྲགས་ཚད་དང་ཁྲོམ་རར་ཁྱབ་ཚད་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།
ལྷ་མོ་ཚེ་རིང་གིས་བསྒྱུར།