ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདམ་རྫབ་གནོད་མེད་ཐག་གཅོད་ཀྱི་ལག་རྩལ་གསར་བ་དང་ཐོན་ཁུངས་ཀྱི་ཡང་བསྐྱར་བེད་སྤྱོད་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ་དང་། རང་ཞིང་གི་འདམ་རྫབ་གནོད་མེད་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད། ཉེ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གཉིས་དང་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འདམ་རྫབ་གནོད་མེད་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཀྱི་ལག་བསྟར་ཇུས་གཞི་པར་འགྲེམ་ལག་བསྟར་བྱས།
ལག་བསྟར་ཇུས་གཞི་དེ་ལས་ཐག་གཅོད་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བརྒྱུད་རིམ་གྱི་དོ་དམ་ལ་ཤུགས་སྣོན་པ་བཅས་ཕྱོགས་གསུམ་ནས་འདམ་རྫབ་ཐག་གཅོད་བྱེད་ཐབས་ལེགས་སྒྱུར་བྱེད་པ་དང་འདམ་རྫབ་ས་ཞིང་བེད་སྤྱོད་བྱེད་པ། ལུགས་མཐུན་གྱིས་འདམ་རྫབ་ཐག་གཅོད་བྱེད་པ་སོགས་ལས་འགན་གཙོ་བོ་བཅུ་གཏན་འཁེལ་གསལ་བོ་བྱས་ཏེ། ཉིས་སྟོང་ཉེར་ལྔ་ལོའི་བར་ས་ཁུལ་རིམ་པ་དང་གྲོང་ཁྱེར་དུ་འཚོ་བའི་ཐད་ཀྱི་འདམ་རྫབ་གནོད་མེད་ཐག་གཅོད་བྱས་ཚད་བརྒྱ་ཆའི་གོ་ལྔའི་ཡན་ལ་བསླེབ་པར་བརྩོན་ལེན་བྱས་ཏེ། སྒྲིག་ཆས་ཆ་ཚང་དང་འཁོར་སྐྱོད་བདེ་འཇགས། ལྷད་མེད་ཐཱན་ཉུང་། ལྟ་རྟོག་དོ་དམ་བཅས་ཀྱི་ཕན་ནུས་ལྡན་པའི་འདམ་རྫབ་གནོད་མེད་ཅན་དང་ཐོན་ཁུངས་ཅན་གྱི་ཐག་གཅོད་མ་ལག་ཕལ་ཆེར་ཆགས་པར་བྱེད་རྒྱུ་རེད།
སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལག་བསྟར་ཇུས་གཞི་ལས་གཏན་འཁེལ་གསལ་བོ་བྱས་པའི་དམིགས་འབེན་དང་ལས་འགན་ཞིབ་བསྡུར་བྱས་ཏེ། མཐུན་སྦྱོར་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་དང་། གོང་འོག་མཉམ་འབྲེལ་དང་སྡེ་ཁག་མཐུན་སྦྱོར། མཉམ་དུ་དམ་འཛིན་དོ་དམ་བྱེད་པའི་བྱ་བའི་རྣམ་པ་ཆགས་པར་བྱས་ནས། ཧུར་ཐག་སྒོས་གོ་རིམ་ལྡན་པའི་སྒོ་ནས་འདམ་རྫབ་གནོད་མེད་ཅན་གྱི་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱ་བར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་འདམ་རྫབ་གནོད་མེད་ཅན་གྱི་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཆུ་ཚད་མཐོར་འདེགས་དང་། བསྟུད་མར་སྤྱི་ཚོགས་ཡོངས་ཀྱི་ལྷད་མེད་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།