ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་མཁའ་ཟོན་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་ཟོན་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྐོར་གྱི་གཏན་ཁེལ་གཞིར་བཟུང་ནས། མི་དམངས་མཁའ་ཟོན་དམག་གྲབས་བྱ་བ་དམ་འཛིན་བྱེད་པ་དང་། རྒྱ་ཆེའི་གྲོང་མི་ཚོའི་རྒྱལ་སྲུང་འདུ་ཤེས་དང་མཁའ་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རང་གྲོང་ཁྱེར་གྱི་མི་དམངས་མཁའ་ཟོན་ཉེན་བརྡའི་བརྡ་གཏོང་མ་ལག་གི་འགན་སྲུང་ཆུ་ཚད་ལ་ཞིབ་དཔྱད་བྱེད་ཆེད། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས2023ལོའི་ཟླ་དགུ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ནས་དུས་ཚོད་བཅུ་དང་སྐར་མ་བཅུ་གཅིག་བར་དུ། ཟི་ལིང་གྲོང་ཁྱེར་དང་ཧོང་ཀྲུང་ཆུའུ་རུ་གསར་གྲོང་རྡལ་དང་མདོ་བ་གྲོང་རྡལ། རྟ་ཐང་རྫོང་ཆའོ་ཐི་གྲོང་རྡལ། སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་བཅས་ནས་མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱ་རྒྱུའི་ཐག་བཅད་པ་དང་། འབྲེལ་ཡོད་བྱ་བའི་སྤྱི་བསྒྲགས་གཤམ་གསལ་ལྟར།
གཅིག མཁའ་ཟོན་ཉེན་བརྡ་ཚོད་གཏོང་གི་བརྡ་རྟགས།
ཐེངས་འདིའི་མཁའ་ཟོན་ཉེན་བརྡ་ཚོད་གཏོང་གི་བརྡ་རྟགས་དེ་སྔོན་ཚུད་ཉེན་བརྡ་དང་མཁའ་རྒོལ་ཉེན་བརྡ། ཉེན་བརྡ་འགྲོལ་བ་བཅས་རིགས་གསུམ་དུ་བགོས་ཡོད་པ་དང་། རིགས་རེ་རེའི་བརྡ་རྟགས་གཤམ་གྱི་གོ་རིམ་ལྟར་ཚོད་གཏོང་ཐེངས་གཅིག་བྱ་རྒྱུ་ཡིན་ལ། ཉེན་བརྡའི་བར་མཚམས་ཀྱི་བར་ཐག་སྐར་ཆ་དྲུག་ཅུ་ཙམ་ཡིན་ཏེ།
དང་པོ། སྔོན་ཚུད་ཉེན་བརྡ་དེ་སྐར་ཆ་སོ་དྲུག་ལ་གཏོང་བ་དང་། དེ་ནས་སྐར་ཆ་ཉེར་བཞིར་མཚམས་བཞག་རྗེས། ཡང་བསྐྱར་ཐེངས་གསུམ་གཏོང་བ་དང་། བསྡོམས་པས་སྐར་མ་གསུམ་ལ་གཏོང་རྒྱུ་རེད།
གཉིས་པ། མཁའ་རྒོལ་ཉེན་བརྡ་དེ་སྐར་ཆ་དྲུག་ཙམ་ལ་བཏང་རྗེས། སྐར་ཆ་དྲུག་ལ་མཚམས་འཇོག་པ་དང་། དེའི་རྗེས་ཡང་བསྐྱར་ཐེངས་བཅོ་ལྔར་གཏོང་བ་དང་། བསྡོམས་པས་སྐར་མ་གསུམ་ཙམ་ལ་གཏོང་རྒྱུ་རེད།
གསུམ་པ། ཉེན་བརྡ་འགྲོལ་བའི་བརྡ་རྟགས་བསྟུད་མར་སྐར་མ་གསུམ་ལ་གཏོང་རྒྱུ་རེད།
གཉིས། མཉམ་འཇོག་དགོས་ས།
ཉེན་བརྡ་ཚོད་གཏོང་བྱེད་པའི་སྐབས་སུ། གྲོང་མི་ཡོངས་ཀྱིས་ཞིབ་མོར་ཉན་ནས་དབྱེ་བ་འབྱེད་པ་དང་། ཉེན་བརྡའི་བརྡ་རྟགས་ལ་ཆ་རྒྱུས་ལོན་པར་བྱས་ནས། རྒྱུན་ལྡན་གྱི་བྱ་བ་དང་འཚོ་བའི་སྒྲིག་ལམ་རྒྱུན་འཁྱོངས་བྱེད་དགོས།
ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས།
2023ལོའི་ཟླ8པའི་ཚེས17ཉིན།