མཚོ་སྔོན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་གཞུང་སྒྲུབ་ཁང་གི་མཁའ་ཟོན་ཉེན་བརྡ་ཚོད་གཏོང་སྐོར་གྱི་སྤྱི་བསྒྲགས། 
2023.08.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

མཚོ་སྔོན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་གཞུང་སྒྲུབ་ཁང་གི་མཁའ་ཟོན་ཉེན་བརྡ་ཚོད་གཏོང་སྐོར་གྱི་སྤྱི་བསྒྲགས། 

མི་དམངས་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་སྔོན་འགོག་ཚོད་འཛིན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་མཁའ་ཟོན་དང་གནོད་འགོག་གནོད་སྐྱོབ་ཉེན་བརྡའི་བརྡ་རྟགས་ལ་རྒྱུས་མངའ་ཡོད་པར་བྱེད་ཆེད།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་ཟོན་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱེད་ཐབས་ཀྱི་གཏན་འབེབས་ལྟར།  ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ནས་དུས་ཚོད་བཅུ་དང་སྐར་མ་བཅུ་གཅིག་བར་དུ།   ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁྱབ་ཁོངས་སུ་མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱ་རྒྱུ་རེད།   ཚོད་གཏོང་སྐབས་སུ།  རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་མཁའ་ཟོན་ཉེན་བརྡའི་བརྡ་རྟགས་དབྱེ་འབྱེད་བྱེད་པར་དོ་སྣང་བྱེད་དགོས་པ་དང་།   རྒྱུན་ལྡན་གྱི་ཐོན་སྐྱེད་དང་སློབ་སྦྱོང་།   འཚོ་བ་བཅས་ཀྱི་སྒྲིག་ལམ་སྲུང་འཛིན་བྱེད་དགོས།   

དེ་བས་ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།