མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་དང་མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་དྲ་བའི་གསར་འགྱུར་ལྟེ་གནས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།
2023.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན།   མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་དང་མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་དྲ་བའི་གསར་འགྱུར་ལྟེ་གནས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དང་།  ཕྱོགས་གཉིས་ཀྱིས་བོད་ཡིག་སྨྱན་བྱད་ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་གསབ་རེས་བྱེད་པར་དམིགས་ཏེ་ལས་སྒོའི་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་སྤྱོད་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་རེད།

མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་དང་ཞིང་ཆེན་མཉམ་འབྲེལ་དྲ་བའི་གསར་འགྱུར་ལྟེ་གནས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དེ་ཚགས་པར་དང་དུས་དེབ་དང་དྲ་རྒྱ།  སྨྱད་བྱད་གསར་པ་བཅས་ནུས་ཡོད་སྦྲེལ་མཐུད་བྱས་ཏེ་ཕྱོགས་གཉིས་ཀྱི་དྲིལ་སྒྲོག་སྟེགས་བུའི་ཁྱབ་སྤེལ་ནུས་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་པར་མ་ཟད།   བོད་འབྲེལ་ས་ཁུལ་གྱི་ཚན་རྩལ་ཁྱབ་སྤེལ་གྱི་གཡུལ་ས་གསར་པ་བསྐྲུན་པ་དང་ཚན་རྩལ་ཁྱབ་སྤེལ་ཚད་ཆེ་རུ་གཏོང་བ།    རོང་འབྲོག་མང་ཚོགས་ཀྱི་ཚན་རིག་རིག་གནས་སྤུས་ཚད་མཐོར་འདེགས་གཏོང་བ།  བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

ཕྱོགས་གཉིས་ཀྱི་འགན་ཁུར་མི་སྣས་བསྟན་དོན།   ཁྱབ་ཁོངས་གསར་པ་དང་ཁྱབ་ཁོངས་ཆེན་པོ་ནས་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ་དང་ཚན་རིག་ཁྱབ་སྤེལ་དྲིལ་སྒྲོག་དང་གླེང་ཕྱོགས་སྣེ་ཁྲིད་ནུས་པ་མཐོར་འདེགས་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ཚུལ་བསྟན།

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།