རྒྱལ་ཡོངས་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས་གཉིས་པའི་ཁྲོད་དུ་རང་ཞིང་གིས་རྩལ་ནུས་འགྲེམ་སྟོན་གྱི་བརྗེ་རེས་བྱ་འགུལ་སྤེལ།
2023.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་གཉིས་པ་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས་སུ་སྤེལ་མགོ་བརྩམས་པ་དང་། རང་ཞིང་གིས་མཚོ་སྔོན་གྱི་གཙགས་དྲུབ་ཐོན་རྫས་གཙོ་ཡིན་པའི་རྩལ་ནུས་འགྲེམ་སྟོན་གྱི་བརྗེ་རེས་བྱ་འགུལ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན།   སྤྱི་ཚོགས་སྤྱི་དམངས་ཀྱིས་རྩལ་ནུས་ལ་རྒྱུས་ལོན་དང་རྩལ་ནུས་ལ་དོ་ཁུར་བྱེད་ཆེད།   རྒྱལ་ཡོངས་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས་གཉིས་པས་ད་རུང་ལྟད་མོའི་རང་བཞིན་དང་ཟབ་ཞུགས་རང་བཞིན།  སྐུལ་སློང་རང་བཞིན་གྱི་རྩལ་ནུས་འགྲེམ་སྟོན་བརྗེ་རེས་བྱ་འགུལ་སྤེལ་བར་མ་ཟད།  ཡུལ་དངོས་ནས་རྒྱལ་ཁབ་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས།   འགྲན་ཞུགས་ལས་རིགས་སྡེ་ཁག་བཅས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས།

ཐེངས་འདིའི་མཚོ་སྔོན་འགྲེམ་ཁུལ་གྱིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་བྱེད་རྒྱུ་འདུ་ཤེས་སུ་བྱས་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར།   མཚོ་སྔོན་པོ།   ཚྭ་ཁའི་ཚྭ་མཚོ་སོགས་མཚོ་སྔོན་གྱི་མིང་བྱང་དུ་གྱུར་པའི་ལྗོངས་ཁུལ་ཁྱད་ཆོས་སུ་བྱས་ཡོད་ལ།   རྩལ་ནུས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱ་བ་གཙོ་ཐིག་ཏུ་བྱས་ཏེ་ངལ་རྩོལ་ལ་བརྩི་མཐོང་དང་ཤེས་བྱར་བརྩི་མཐོང་།  འཇོན་མིར་བརྩི་མཐོང་།   གསར་སྐྲུན་ལ་བརྩི་མཐོང་བཅས་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པར་མ་ཟད།   རང་ཞིང་གི་ལས་རིགས་རྩལ་ནུས་བརྗེ་རེས་མཉམ་ལས་ཀྱི་གྲུབ་འབྲས་འགྲེམ་སྟོན་བཟང་བོ་བྱས།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།