ཟླ་དགུ་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོའི་མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་མགོ་བརྩམས། བྱེད་སྒོ་འདིར་དམངས་ཡོངས་ཀྱི་ཚན་རིག་ནུས་ཚད་མཐོར་འདེགས་བཏང་ནས་ཚན་རྩལ་ལ་རོགས་འདེགས་བྱས་ནས་རང་སྟོབས་རང་སྤེལ་བྱེད་དགོས་ཞེས་པ་བརྗོད་དོན་དུ་བྱས་པ་དང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཡིད་རྟོན་དྲ་རྒྱའི་གཞུང་སྒྲུབ་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་སོགས་ལས་ཁུངས་བཅུ་དྲུག་དང་མཉམ་འབྲེལ་བྱས་ནས་བསྒྲུབས་པ་དང་། མང་ཚོགས་ཚན་རིག་དང་ཉེ་བར་བཅར་ནས་ཚན་རིག་བཤད་པ་དང་ཚན་རིག་ལ་དགའ་བ། ཚན་རིག་སློབ་པ། ཚན་རིག་བེད་སྤྱོད་གཏོང་བའི་རྣམ་པ་བཟང་པོ་གྲུབ་པར་བྱས།
རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོ་ནི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། དམངས་ཡོངས་ཀྱི་ཚན་རིག་ནུས་ཚད་འཆར་འགོད་རྩ་གནད་དོན་འཁྱོལ་ནན་མོ་བྱེད་པ། དམངས་ཡོངས་ཀྱི་ཚན་རིག་ནུས་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ད་ལོ་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྤེལ་ནས་ལོ་ཉི་ཤུ་འགོར་བའི་ལོ་ཡིན་ལ། རང་རེའི་ཞིང་ཆེན་གྱི་རིན་ཐང་སྣེ་ཁྲིད་འབུར་ཐོན་གྱི་གནས་སུ་འཇོག་པ་དང་མང་ཚོགས་ཀྱི་དགོས་མཁོར་རྐང་བཙུགས་ནས་མང་ཚོགས་ཀྱི་སྤྲོ་དགའི་རྣམ་པ་དང་བསྟུན་ནས་རིམ་པ་མང་བའི་མཉམ་འབྲེལ་དང་རྒྱ་ཁྱབ་ཏུ་ཟབ་ཞུགས་བྱེད་པ། ནམ་ཡང་མེད་མི་རུང་བའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་དཔལ་ཡོན་ལ་རོགས་འདེགས་བྱེད་པ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། གསར་གཏོད་འཕེལ་རྒྱས་སོགས་ཕྱོགས་སུ་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཁྲོད་ཕན་འབྲས་མངོན་གསལ་བླངས།
ད་ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོའི་མཚོ་སྔོན་གྱི་བྱེད་སྒོ་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན་ནས་ཟླ་བཅུ་པའི་ཚེས་བཅུ་ཉིན་བར་གཅིག་བསྡུས་སྒོས་སྤེལ་རྒྱུ་རེད། དེའི་དམིགས་ཡུལ་ནི་ཚན་རྩལ་ཁྱབ་གདལ་ནུས་པའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་སྤྱི་ཚོགས་ཅན་གྱི་ཚན་རྩལ་ཁྱབ་གདལ་བྱ་བའི་སྤྱི་ཡོངས་གྲུབ་པར་བྱས་ནས་དམངས་ཡོངས་ཀྱི་ཚན་རིག་ནུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་རྒྱུ་དེ་རེད།
མི་ཕམ་མགོན་པོས་བསྒྱུར།