ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་པའི་བྱེད་ཐབས་རབ་དང་རིམ་པ་ཕྱིར་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་སྣ་མང་སྨན་བཅོས་སྨན་བཀོལ་གྱི་དགོས་མཁོ་བསྐངས།
ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་དང་སོག་ལུགས་གསོ་རིགས་སྨན་བཅོས་ལས་ཁུངས་ཀྱི་ལས་སྣོན་སྨན་རྫས་ཀྱི་མིང་ཚད་ལྡན་མིན་པ་དང་ཚད་གཞི་གཅིག་གྱུར་མིན་པ། སྨན་སྦྱོར་རིགས་སྣ་ཉུང་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་དང་སོག་ལུགས་གསོ་རིགས་སྨན་བཅོས་ལས་ཁུངས་ཀྱི་ལས་སྣོན་སྨན་རྫས་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་གཏན་འབེབས་འགྲེམ་སྤེལ་བྱས་པ་དང་། བོད་ལུགས་དང་སོག་ལུགས་གསོ་རིགས་སྨན་བཅོས་ལས་ཁུངས་ཀྱི་ལས་སྣོན་སྨན་རྫས་བཞི་བརྒྱ་དང་གོ་གཉིས་སྨན་བཅོས་འགན་སྲུང་གི་སྨན་རིན་སྟེར་བའི་ཁྱབ་ཁོངས་སུ་བཞག་ལ། དེས་ཞིང་ཆེན་ཡོངས་ཀྱི་བོད་ལུགས་དང་སོག་རིགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ལས་སྣོན་སྨན་རྫས་རིགས་སྣའི་བརྒྱ་ཆའི་དོན་གཅིག་ལྷག་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་སོག་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ནད་ཐོག་སྨན་བཅོས་ཀྱི་རྒྱུན་སྤྱོད་སྨན་རྫས་རིགས་སྣ་ཧ་ལམ་དེའི་ཁྲོད་འདུ་ལ། རྒྱལ་ཡོངས་སུ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ཐོག་མར་མངོན་འགྱུར་བྱས།
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་མཉམ་འབྲེལ་བྱས་ནས་2023ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་ཉེན་སྲུང་དང་བཟོ་རྨས་ཉེན་སྲུང་། བུ་སྐྱེས་ཉེན་སྲུང་སྨན་རྫས་ཀྱི་དཀར་ཆག་པར་འགྲེམ་བྱས་པ་དང་། པར་གཞི་གསར་བའི་སྨན་བཅོས་འགན་སྲུང་ཁྲོད་བཞག་པའི་སྨན་རྫས་ཀྱི་དཀར་ཆག་གིས་གྲོས་མཐུན་བཀོད་པའི་དུས་བཅད་སྐབས་ཀྱི་སྨན་རྫས་སུམ་བརྒྱ་དང་ཞེ་དྲུག་དང་སྐྲན་ནད་རྒོལ་བའི་འབེན་ཕྱོགས་སྨན་རྫས་སྣ་བཅུ་བཞི་དམིགས་བསལ་སྨན་རྫས་ཀྱི་དོ་དམ་ཁྱབ་ཁོཁས་སུ་བཞག སྨན་བཅོས་ཞབས་ཞུ་ལས་གཞི་དང་སྨན་བཀོལ་རྒྱུ་ཆས་སྐོར་ཞིག་སྨན་བཅོས་འགན་སྲུང་གི་རིན་སྟེར་ཁྱབ་ཁོངས་སུ་འཇོག་པའི་སྐོར་གྱི་བརྡ་སྦྱོར་དང་སྨན་བཅོས་ཞབས་ཞུ་འི་རིན་གོང་རྣམ་གྲངས་དང་སྨན་བཅོས་འགན་སྲུང་གི་རིན་སྟེར་རིགས་སྣ་གསར་སྣོན་དང་བཟོ་བཅོས་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམ་བྱས་ནས། སྨན་བཅོས་ཞབས་ཞུ་རྣམ་གྲངས་བརྒྱ་དང་དྲུག་དང་སྨན་བཀོལ་རྒྱུ་ཆས་སྣ་ལྔ་རང་ཞིང་གི་སྨན་བཅོས་འགན་སྲུང་གི་སྨན་རིན་སྟེར་བའི་ཁྱབ་ཁོངས་སུ་བཞག
རིན་ཆེན་མཚོས་བསྒྱུར།