མཚོ་སྔོན་ཞིང་ཆེན་གྱིས་ཧྲན་ཞི་དང་ཀན་སུའུ། ཉིན་ཞ། ཞིན་ཅང་། སི་ཁྲོན་བཅས་ཞིང་ཆེན་དང་མཉམ་དུ་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས།
2023.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཧྲན་ཞི་དང་ཀན་སུའུ། ཉིན་ཞ། ཞིན་ཅང་། སི་ཁྲོན་བཅས་ཞིང་ལྗོངས་ལྔ་བར་འབྲུ་རིགས་བདེ་འཇགས་འགན་སྲུང་གི་མཉམ་འབྲེལ་མཉམ་སྲུང་རྐྱེན་སྲོལ་གྱི་སྒྲོམ་གཞི་གྲོས་མཐུན་བཀོད། ཐེངས་འདིའི་ཞིང་ཆེན་དང་རང་ལྗོངས་སྐྱོང་དྲུག་གིས་བཙུགས་པའི་འབྲུ་རིགས་བདེ་འཇགས་འགན་སྲུང་གི་མཉམ་འབྲེལ་མཉམ་སྲུང་རྐྱེན་སྲོལ་གྱིས། འབྲུ་རིགས་མཁོ་འདོན་འགན་སྲུང་ཁུལ་ཁོངས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཁུལ་ཁོངས་ཀྱི་འབྲུ་རིགས་འཕྲལ་བསྟུན་མཉམ་ལས་མཉམ་འབྲེལ་ནུས་པ་མཐོར་འདེགས་གཏོང་བ། ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་འབྲུ་རིགས་འཁོར་རྒྱུག་ཐད་ནས་བརྗེ་རེས་མཉམ་ལས་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་ཁ་གསབ། མཉམ་འབྲེལ་མཉམ་སྲུང་དང་འཐུབ་ཇུས་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་རེད།

ཧྲན་ཞི་དང་ཀན་སུའུ། ཉིན་ཞ། ཞིན་ཅང་། མཚོ་སྔོན་དང་སི་ཁྲོན་བཅས་ཞི་ལྗོངས་དྲུག་གི་འབྲུ་རིགས་བདེ་འཇགས་འགན་སྲུང་གི་མཉམ་འབྲེལ་མཉམ་སྲུང་རྐྱེན་སྲོལ་སྒྲོམ་གཞིའི་གྲོས་མཐུན་གྱིས། ཞིང་ལྗོངས་དྲུག་གི་ཁྱིམ་མཚེས་དང་འབྲེལ་མཚམས་ས་ཆའི་ཁུལ་གནས་དགེ་མཚན་དང་འབྲུ་རིགས་ཐོན་ལས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕན་ཚུན་རྒྱབ་རྟེན་འདེགས་སྐྱོར་དང་མཉམ་འབྲེལ་མཉམ་སྲུང་གི་འབྲུ་རིགས་བདེ་འཇགས་དང་འཕྲལ་བསྟུན་འགན་སྲུང་རྐྱེན་སྲོལ་གྲུབ་པར་བྱེད་རྒྱུ་རེད། གྲོས་མཐུན་ལྟར་ན། རྗེས་ཕྱོགས་སུ་ཞིང་ལྗོངས་སོ་སོས་གཙོ་བོར་ཕྱོགས་མང་པོ་ནས་མཉམ་འབྲེལ་མཉམ་སྲུང་བྱེད་པ་དང་། དེའི་ཁྲོད་དུ། ཐོན་ཉོ་གསོག་སྣོན་དང་ཉོ་འཚོང་མཉམ་ལས་ཀྱི་འགན་སྲུང་ནང་དོན་རྒྱ་སྐྱེད་དེ།  མཉམ་ལས་རིམ་པ་དང་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་པ་དང་། རང་སོ་སོའི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱེད་པ་དང་། འཕྲལ་བསྟུན་གྱི་རྣམ་པའི་འོག ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ལ། འབྲུ་རིགས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། རང་ཞིང་དང་ཞིང་ལྗོངས་ཀྱི་ཁེ་ལས་ཀྱིས་ཕ་རོལ་བའི་འབྲུ་རིགས་ཉོ་སྒྲུབ་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ནས། སྤུས་ལེགས་འབྲུ་སྣུམ་ཐོན་རྫས་ཀྱི་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་སྐྱེད་པ་དང་། དངུལ་གཏོང་རང་བཞིན་གྱི་འཐབ་ཇུས་མཉམ་ལས་སྤེལ་ནས། འབྲུ་རིགས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། མཉམ་ལས་ཀྱི་ནང་དོན་རྒྱ་སྐྱེད་པ་དང་། ཕན་ཚུན་བར་འབྲུ་སྣུམ་ངོ་སྤྲོད་བྱེད་པར་རོགས་འདེགས་བྱས་ནས། འབྲུ་སྣུམ་ཚོང་རྟགས་ཀྱི་མཚན་སྙན་དང་ཤན་ཤུགས་ནུས་པ་མཐོར་འདེགས་གཏོང་བ་སོགས་འདུ།

རྒྱུས་ལོན་བྱུང་བ་ལྟར་ན། མཉམ་འབྲེལ་མཉམ་སྲུང་གི་སྒྲོམ་གཞིའི་གྲོས་མཐུན་ནང་ཞིང་ལྗོངས་དྲུག་གིས་མཚོ་སྔོན་དང་ཧྲན་ཞི། ཀན་སུའུ། ཉིན་ཞ། ཞིན་ཅང་། སི་ཁྲོན་བཅས་ཀྱི་གོ་རིམ་ལྟར་། ཞིང་ལྗོངས་གཅིག་གིས་ལས་སྐོར་ལོ་གཅིག་ལ་བྱེད་པ་དང་། ལས་སྐོར་སྐབས་སུ་འབྲུ་རིགས་བདེ་འཇགས་འགན་སྲུང་གི་མཉམ་འབྲེལ་མཉམ་སྲུང་བྱ་བའི་གྲོས་ཚོགས་བསྡུས་ནས། འབྲུ་རིགས་བདེ་འཇགས་ཀྱི་མཉམ་འབྲེལ་མཉམ་སྲུང་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱེད་པ། འབྲེལ་ཡོད་གནད་དོན་ཐག་གཅོད་པ་སོགས་ཀྱི་བྱ་བར་འགན་ཁུར་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།