ཟླ་དགུ་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཆེན་སྤྱི་བདེ་ཐིན་གྱིས་ཁྲིམས་མཐུན་མིན་པའི་མེ་མདའི་དྲག་ཤུགས་མེད་པར་བཟོ་བ་དང་། བརྟན་འཇགསསྲུང་སྐྱོང་བྱེད་པ། དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བརྗོད་དོན་དུ་བྱས་པའི་ཁྲིམས་མཐུན་མིན་པའི་མེ་མདའ་དང་འགད་རྫས་རིགས་ཀྱི་དངོས་པོ་གཅིག་བསྡུས་སྒོས་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ་དང་། ཡར་སྤྲད་པའི་ཁྲིམས་མཐུན་མིན་པའི་མེ་མདའ་ཆིག་སྟོང་བདུན་བརྒྱ་གོ་བཞི་དང་གྲི་ཡི་རིགས་ལྔ་སྟོང་ཉིས་བརྒྱ་བཅུ་ཐམ་པ་གཅིག་བསྡུས་སྒོས་མེད་པར་བཏང་།
སྤྱི་བདེ་ཐིན་གྱི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཐེངས་འདིའི་ཁྲིམས་མཐུན་མིན་པའི་མེ་མདའ་དང་འགད་རྫས་རིགས་ཀྱི་དངོས་པོ་གཅིག་བསྡུས་སྒོས་མེད་པར་གཏོང་བའི་བྱེད་སྒོའི་ཁྲོད་རང་རེའི་ཞིང་ཆེན་གྱིས་མེ་མདའ་དང་འགད་རྫས་ཀྱི་རིགས་ལ་བརྟེན་ནས་ནག་ཉེས་བཟོ་བར་རྡུང་རྡེག་གཏོང་བ་དང་དག་ཐེར་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བའི་གྲུབ་འབྲས་དང་ཕན་འབྲས་མངོན་པར་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་མཐུན་མིན་པའི་མེ་མདའ་དང་འགད་རྫས་ཀྱི་རིགས་ལ་འཛེམ་པའི་བསམ་བློའི་གོ་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་ནས་མེ་མདའ་དང་དྲག་སྤྱོད་ལ་བརྟེན་ནས་ནག་ཉེས་བཟོ་བར་རྡུང་རྡེག་གཏོང་བ་དང་དག་ཐེར་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་འཕེལ་རྒྱས་ཐད་དོན་སྙིང་ལྡན་པར་བྱས། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྤྱི་བདེ་ཐིན་གྱི་སྟོབས་ལྡན་གྱི་མགོ་ཁྲིད་འོག བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་ཕྱོགས་ནས་རྡུང་རྡེག་གཏོང་བ་དང་འགོག་ཟོན་བྱེད་པ། དོ་དམ་བྱེད་པ། ཚོད་འཛིན་བྱེད་པ། དྲིལ་སྒྲོག་བྱེད་པ་བཅས་གནས་ལྔ་གཞི་གཅིག་གིས་མཉམ་ཤུགས་བཏོན་ནས་མེ་མདའ་དང་འགད་རྫས་ཀྱི་རིགས་ལ་བརྟེན་ནས་ནག་ཉེས་བཟོ་བའི་རིགས་ལ་ནམ་ཡང་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས། ཐེངས་འདིའི་ཁྲིམས་མཐུན་མིན་པའི་མེ་མདའ་དང་འགད་རྫས་ཀྱི་རིགས་མེད་བརླག་ཏུ་གཏོང་བའི་བྱེད་སྒོ་ཡིས་ཡང་བསྐྱར་སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འགད་རྫས་རིགས་ལ་བརྟེན་ནས་ནག་ཉེས་བཟོ་བ་དང་མེ་མདའ་དང་འགད་རྫས་ཀྱི་ཉེན་ཁ་སེལ་བའི་ཆོད་སེམས་དང་ཡིད་ཆེས་མཚོན་པར་བྱས། ཞིང་ཆེན་སྤྱི་བདེ་ཐིན་གྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འགད་རྫས་ལ་བརྟེན་ནས་ནག་ཉེས་བཟོ་བར་རྡུང་རྡེག་དང་དག་ཐེར་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་མེ་མདའ་དང་འགད་རྫས་རིགས་ཀྱི་ཉེན་ཁ་སེལ་ནས་མང་ཚོགས་ཀྱི་བདེ་ཚོར་མཐོར་འདེགས་གཏོང་བ་དང་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཡོངས་ཁྲོད་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོང་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།