ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་ཞིང་ཆེན་ཡོངས་ཀྱི་སྨྱན་བྱད་གཙོ་བོའི་གསར་འགོད་པ་ཟི་ལིང་ནས་ལམ་ལ་ཆས་ཏེ། དུས་ཡུན་གཟའ་འཁོར་གཅིག་རིང་གི་ཁག་ཁུར་དངོས་གཉེར་དང་བྱས་རྗེས་བསྐྲུན་པའི་བརྗོད་དོན་རྟོག་ཞིབ་བཅར་འདྲི་བྱ་འགུལ་སྤེལ་འགོ་བརྩམས།
ཐེངས་འདིའི་བཅར་འདྲི་བྱ་འགུལ་ནི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དུས་རིམ་གལ་ཆེན་དང་། ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བའི་དུས་ཚོད་གལ་ཆེན་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་བྱས་ནས་སྤེལ་བའི་བརྗོད་དོན་རྟོག་ཞིབ་བཅར་འདྲི་བྱ་འགུལ་ཆེན་པོ་ཞིག་རེད།
རྟོག་ཞིབ་བཅར་འདྲི་ཡིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པ། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཕྱོགས་ཆེན་པོ་ལྔ་ལ་དམིགས་ནས། ས་ཆ་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། སྤྱོད་ཚུལ་བསྒྱུར་བ་དང་དངོས་གཉེར་ཁག་ཁུར་བྱེད་པ། བྱེད་ཐབས་བཟང་བོ་སྤྱད་དེ་བྱས་རྗེས་བསྐྲུན་པ་བཅས་ཀྱི་སྣང་བརྙན་གསར་བ་དང་གྲུབ་འབྲས་གསར་བ་ཁྱོན་ཡོངས་ནས་་མངོན་པར་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།