ཀྲུང་གོ་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་མཐུན་སྦྱོར་འོག་ཏུ། ཟླ་དགུ་པའི་ཚེས་ཉེར་བཞི་ཉིན། ཨན་ཧོས་ཞིང་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ལས་བཟོ་པར་ཁ་གཏད་རོགས་སྐྱོར་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་འགོ་རྩོམ་པ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས་པ་དང་། དེས་ཨན་ཧོས་ཞིང་ཆེན་གྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་གྱི་ལས་བཟོ་པར་ཁ་གཏད་རོགས་སྐྱོར་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་དངོས་སུ་འགོ་བརྩམས་པ་མཚོན།
ཨན་ཧོས་ཞིང་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སློབ་གསོ་དང་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཆེད་མཁས་པ་རེ་དྲུག་རྩ་འཛུགས་བྱས་ཏེ་མཚོ་སྔོན་དུ་ཡོང་ནས་ཚོགས་སྒྲིག་རྣམ་པའི་ཁ་གཏད་རོགས་སྐྱོར་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། དེ་ནི་ཞིང་ཆེན་གཉིས་ཀྱི་ཐོན་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་བྱ་བའི་བརྗེ་རེས་ལ་སྐུལ་འདེད་གཏོང་བ། མཛའ་བརྩེ་འགྲོ་འོང་ཇེ་དམ་དུ་གཏོང་བའི་ནུས་ལྡན་བྱེད་ཐབས་རེད།
འགོ་རྩོམ་མཛད་སྒོའི་སྟེང་། ཧི་ཧྥེ་བཟོ་ལས་སློབ་ཆེན་གྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཞིན་ཞང་དང་མཚོ་སྔོན་སློབ་ཆེན་གྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥིན་ཡན་པེན། ཨན་ཧོས་སློབ་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཝེ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞའོ་ཡུས་ལན། ཨན་ཧོས་དགེ་འོས་སློབ་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡུས་ཏ་ཆིན་དང་མཚོ་སྔོན་དགེ་འོས་སློབ་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལིའུ་ཞའོ་ཀང་བཅས་ཀྱིས་སོ་སོར་ཨན་ཧོས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱ་བའི་གྲོས་མཐུན་བཀོད། ཨན་ཧོས་ཞིང་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ད་རུང་མཚོ་སྔོན་ཞིང་ཆེན་ཁང་ཧྥུའུ་སྨན་ཁང་ལ་རིན་གོང་སྒོར་འབུམ་གཅིག་གི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་སུ་ཕུལ།
མཚོ་སྔོན་དུ་ཡོད་པའི་སྐབས་སུ། ཨན་ཧོས་ཞིང་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ད་རུང་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་རྩ་འཛུགས་བྱས་ཏེ་དཀའ་ཁག་ཡོད་པའི་ལས་བཟོ་པར་འཚམས་འདྲི་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ།
ལྷ་མོ་ཚེ་རིང་གིས་བསྒྱུར།