མཚོ་སྔོན་འཐུས་ཚབ་ཚོགས་པ་རྨ་ཆུའི་བཞུར་རྒྱུད་ཀྱི་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་ཞུགས།
2023.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན།   ཆིན་ཏའོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧྲན་ཏུང་ཞིང་ཆེན་ཚོང་དོན་ཐིན་དང་ཚོང་དོན་པུའུ་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ལས་དོན་ཅུའུ་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་རྨ་ཆུའི་བཞུར་རྒྱུད་ཀྱི་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཆིན་ཏའོ་ནས་བསྡུས།   ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་དུས་ཡུན་ཉིན་གསུམ་ཡིན་ལ།  རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ལྗོངས་སོ་སོ་མཉམ་སྒུལ་དང་ཁེ་ལས་ཀྱི་བརྗེ་རེས་མཉམ་ལས་སྟེགས་བུ་བསྐྲུན་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྤུས་ལེགས་ཐོན་རྫས་ཕྱིར་གཏོང་ལ་སྐུལ་ཁྲིད་བྱས་པ་དང་།   རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ནས་ཡོང་བའི་འགྲེམ་ཞུགས་ཁེ་ལས་བཞི་བརྒྱ་དང་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སྟེགས་བུ་མིང་གྲགས་ཅན་སུམ་ཅུ་འགྲེམ་སྟོན་ཚོགས་འདུར་ཞུགས།

མཚོ་སྔོན་ཞིང་ཆེན་གྱིས་རྨིད་གྲུ་བཞི་མ་ཉིས་བརྒྱ་དང་བཞི་ཡོད་པའི་མཚོ་སྔོན་འགྲེམ་ཁང་བཙུགས་ཡོད་པ་དང་།  ཞིང་ཆེན་ནང་ཁུལ་གྱི་ཟི་ལིང་དང་མཚོ་ཤར་གྱི་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་སོགས་འབྲེལ་ཡོད་ཁེ་ལས་བཅུ་བཞི་འགྲེམ་སྟོན་ཚོགས་འདུར་ཞུགས་པར་རྩ་འཛུགས་བྱས་ལ།   སྐྱེ་ལྡན་འཕང་འབྲས་དམར་པོ་དང་ནག་པོ།   ནས་ཆང་།   ཤ་སྐམ་སོགས་ཁྱད་ལྡན་ཐོན་རྫས་སྣ་བརྒྱ་ལྷག་འགྲེམ་སྟོན་བྱས།

ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་འགོ་རྩོམ་མཛད་སྒོ་སོགས་བྱ་འགུལ་ལ་ཞུགས།

                                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།