གུང་ཧོ་རྫོང་གིས་རྒྱལ་སྟོན་དུས་ཆེན་བསུ་བ་དང་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་གནས་བྱ་འགུལ་སྤེལ།
2023.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་དྲུག་པ་དང་གུང་ཧོ་རྫོང་གི་རྒྱལ་སྟོན་དུས་ཆེན་བསུ་བ་དང་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་གནས་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་ཧི་ཅུའུ་ཧྭ་སྡེ་བའི་ཨ་ཁུ་སྟོན་པ་ལྗོངས་རྒྱུ་ཁུལ་དུ་སྤེལ།

ཐེངས་འདིའི་བྱ་འགུལ་དེ་ཞིང་ལས་ཐོན་རྫས་འགྲེམ་སྟོན་དང་ལག་བཟོའི་ཐོན་རྫས་འགྲེམ་སྟོན། གླུ་གར་འཁྲབ་སྟོན། རོང་འབྲོག་དམངས་ལུས་རྩལ་འགྲན་ཚོགས་སོགས་ཀྱི་གྲུབ་པ་དང་། ཞིང་ལས་ཐོན་རྫས་འགྲེམ་སྟོན་ཁུལ་དུ། ཁྱད་ཆོས་ལྡན་པའི་གུང་ཧོའི་ཞིང་ཞོར་ཐོན་རྫས་ཏེ་མ་རྨོས་ལོ་ཏོག་དང་ནས། ལིས་གྲོ་སོགས་ཀྱི་ཀུན་གྱིས་མིག་དབང་འཕྲོག་ལ། རོང་འབྲོག་དམངས་ཀྱི་ལག་བཟོའི་ཐོན་རྫས་འགྲེམ་སྟོན་ཁུལ་དུ་གཅིག་བསྡུས་སྒོས་གཙག་དྲུབས་དང་ཡིག་རིས། ཐང་ཀ རྡོ་བརྐོས་སོགས་རིག་གནས་ཐོན་རྫས་འགྲེམ་སྟོན་བྱས་ཡོད། བྱ་འགུལ་ཁྲོད་གླུ་གར་དང་རོང་འབྲོག་དམངས་ཀྱི་ལུས་རྩལ་འགྲན་ཚོགས་ཏེ།རྒྱུག་འགྲན་དང་མདའ་འཕེན། ཐག་འཐེན་སོགས་ཞིང་སྡེའི་འཚོ་བ་དང་ཐག་ཉེ་བའི་འགྲན་བསྡུར་རྣམ་གྲངས་ཀྱིས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལས་བརྩོན་ཡར་ཐོན་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།