ཉེ་ལམ་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་ལྷོ་ཁུལ་གྱིས་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་འདེབས་འཛུགས་ཐོན་ཁུངས་ལ་སྲུང་སྐྱོབ་དང་དེ་བེད་སྤྱོད་བྱས་ནས་མཐོ་སྒང་གི་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་བྱེད་སྒོར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་། འདེབས་འཛུགས་ལས་རིགས་ཇེ་རྒྱས་ཇེ་བཟང་དུ་འགྲོ་བར་རོགས་འདེགས་བྱས་ཏེ། ཟས་རིགས་བདེ་འཇགས་དང་ཞིང་ཕྱུགས་ཐོན་རྫས་གཙོ་བོ་འདོན་སྤྲོད་བྱེད་པར་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཤིང་། ལངས་གནས་མཐོན་པོ་ནས་མཐོ་སྒང་གི་འདེབས་འཛུགས་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་ལྷོ་ཁུལ་པའེ་ཞིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དང་ཁྲི་ཀ་རྫོང་སྙེ་མ་སེར་པོ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི། ཁྲི་ཀ་རྫོང་ཧུའུ་ཧྥིན་ཞིང་ལས་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་སི། ཀྲིན་ནོང་འདེབས་འཛུགས་ལས་རིགས་ཀུང་སིས་གཅིག་བསྡུས་སྒོས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་པའི་གྲོ་དང་ནས། ལོག་དཀར། གཟན་རྩྭ། སྔོ་ཚལ་སོགས་ལོ་ཏོག་གི་རིགས་དང་། གསོ་སྤེལ་དང་རྒྱ་ཁྱབ་ཏུ་གཏོང་བ་གཞི་གཅིག་ཅན་གྱི་འདེབས་འཛུགས་ལས་རིགས་ཐོན་ལས་མ་ལག་འཛུགས་པ་དང་ཁུལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་ལས་རིགས་དར་སྤེལ་ཐད་བྱས་རྗེས་མི་དམན་པ་བཞག
ཤུགས་ཆེན་པོས་མཐོ་སྒང་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བར་དམིགས་ནས་ཕྱུགས་རིགས་རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ནོར་ནག་དང་བོད་ལུག་རྒྱུད་བཟང་གསོ་སྤེལ་དང་ཀོར་ནན་རྫོང་བོད་ལུག་ནག་པོ་གསོ་སྤེལ་ལྟེ་གནས་སོགས་ཕྱུགས་རིགས་དང་རྒྱུད་བཟང་གསོ་སྤེལ་མཉམ་ལས་ཁང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། དེ་མིན་ཀོས་ནན་བོད་ལུག་ནག་པོ་གཅིག་གཉིས་གཅིག་ཐིག་རྒྱུད་བཟང་ཁག་ཐེག་དང་རྒྱ་སྐྱེད་ལས་གཞིར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མིག་སྔར་རྒྱུད་བཟང་ཁག་ཐེག་གཞི་རྒྱ་ལྡབ་འགྱུར་གྱིས་འཕར་བ་མངོན་འགྱུར་བྱུང་ཡོད།
མི་ཕམ་མགོན་པོས་བསྒྱུར།