ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཀླུ་གྲགས་སྡེ་ཁུལ་གྱི་སྡོད་ཁང་ཐབ་ཆག་ཁུལ་བསྒྱུར་བཀོད་ལས་གཞི་ལེགས་གྲུབ་བྱུང་བས། གྲོང་མིའི་འཚོ་བའི་སྐྱིད་སྣང་མཐོར་འདེགས་ཆེན་པོ་བྱུང་ཞིང་། འཚོ་བའི་སྤུས་ཚད་དང་ཆུ་ཚད་ལེགས་སུ་ཕྱིན་པ་མ་ཟད། རྫོང་ཁོངས་ཀྱི་ཁོར་ཡུག་ལེགས་སྒྱུར་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། ས་ཞིང་གི་རིན་ཐང་མཐོར་འདེགས་བྱུང་བར་ནུས་པ་ཆེན་པོ་ཐོན་ཡོད །
ཀླུ་གྲགས་སྡེ་ཁུལ་ནི་བསང་ཆུ་རྫོང་གི་ཆུ་འགྲམ་ལྷོ་ལམ་གྱི་ལྷོ་ངོས་སུ་གནས་ཤིང་། མི་དང་རླངས་འཁོར་གྱི་འགྲོ་ལམ་ཁ་ཁ་བགོས་པའི་སྡེ་ཁུལ་ཞིག་ཡིན། ས་བབ་ལེགས་ལ་འགྲིམ་འགྲུལ་སྟབས་བདེ་ཞིང། སྡོད་གནས་སུ་ཁྱིམ་ཚང 413ཤོང་ཐུབ་པ་དང་། ལྗང་སྒྱུར་གྱི་ཚད 30%ཡིན་པ་དང་། ནང་དུ་ཆུ་གཏོར་རྫིང་བུ་གསུམ་དང་ཕིང་ཕང་སྤོ་ལོའི་ར་བ། བྱ་སྒྲོའི་སྤོ་ལོའི་ར་བ། བྱིས་པའི་སྤྲོ་སྐྱིད་གླིང་། ས་འོག་རླངས་འཁོར་འཇོག་ས་སོགས་རྨང་གཞིའི་སྒྲིག་བཀོད་མང་བོ་འཛོམས་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་བཏང་། དེ་ནི་ཉེ་བའི་ལོ་ཤས་རིང་དུ་བསང་ཆུ་རྫོང་གིས་སྡོད་ཁང་ཐབ་ཆག་སྒྱུར་བཀོད་བྱེད་པའི་གཙོ་གནད་ལས་གཞི་ཡིན་པས། སྡོད་མིས་སྡེ་ཁུལ་ལ་བྱམས་བརྩེའི་ངང“བདེ་སྐྱིད་སྡེ་ཁུལ”ཞེས་འབོད་ཀྱིན་ཡོད།
སྡེ་ཁུལ་དེའི་སྦྱིན་བདག་ཝང་ཞུའུ་ཅང་གིས་བཤད་རྒྱུར། “ང་རང་ཀླུ་གྲགས་སྡེ་ཁུལ་དུ་བསྡད་ནས་ལོ་གཉིས་ལྷག་འགོར་ཡོད། སྡེ་ཁུལ་གྱི་ཕྱོགས་གང་ཐད་ལ་ཡིད་ཚིམ་ཡོད། སྡེ་ཁུལ་གྱི་ཁོར་ཡུག་དང་འགྲོ་འོང་ཕྱོགས་གང་ཐད་ནས་ཀྱང་སྟབས་བདེ་ཡིན་ལ། ནངས་དགོང་དུ་ལུས་པོ་སྦྱོང་བརྡར་ཡང་བྱེད་ཐུབ་པས། བསང་ཆུ་རྫོང་ལ་འདི་འདྲའི་སྡེ་ཁུལ་ཞིག་ཡོད་པས་ང་རང་དགའ་སྤྲོ་སྐྱེ་གི་འདུག”ཟེར།
ཀླུ་གྲགས་སྡེ་ཁུལ་དུ་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ལ་བརྟེན་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གོང་བུར་སྒྲིལ་ཏེ། “གསར་བརྗེའི་བདག་གཉེར་བ”ཞེས་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་བཙུགས་ཤིང་། ཏང་དང་མང་ཚོགས་ཀྱི་དོན་གྲོས་ཁང་དང་གསར་བརྗེའི་བདག་གཉེར་པའི་ཞབས་ཞུའི་ས་ཚིགས་སོགས་གསར་བརྗེའི་གཡུལ་ས་བསྐྲུན་ཡོད། ཞབས་ཞུ་སྟེགས་བུ་བཙུགས་ནས་དང་བླངས་པ་ཚུད་པའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ“ཏང་སྐྱོང་གི་ཁར་སྡེ་ལས་སྣོན་པའི”མ་ལག་རྒྱུན་ཆད་མེད་པར་ལེགས་བཅོས་དང་མཐོར་འདེགས་སུ་བཏང་ཡོད།
ཡོང་ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
འཕྲིན་གཏོང་པ། བདེ་སྐྱིད་མཚོ།