མཚོ་སྔོན་གྱིས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ས་ཁུལ་ལ་སྐུལ་མ་བཏང་ནས་རྒྱབ་སྐྱོར་བྱས།
2023.10.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

སྔར་ལས་ལྷག་པའི་སྒོ་ནས་སྐུལ་སྤེལ་ཚོད་འཛིན་རྐྱེན་སྲོལ་གྱི་ཕན་པ་དང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་སེམས་ཤུགས་སྐུལ་སྤེལ་བྱེད་ཆེད། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ། རྟོག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བཏང་བའི་སྔོན་ཐོན་ས་ཁུལ་གྱི་སྐུལ་སྤེལ་ལག་བསྟར་བྱེད་ཐབས་ལ་བཟོ་བཅོས་བྱས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས།

བྱེད་ཐབས་ལས་དངོས་ཐོག་བདེན་འཚོལ་དང་དངོས་ཡོད་དྲང་བདེན། གཅིག་འདོམ་མཉམ་འཛིན། ཕུལ་བྱུང་ལས་རབ་དང་མཆོག་གདམ་པའི་རྩ་དོན་ལ་གཞིགས་ཏེ། ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བཏང་བའི་སྔོན་ཐོན་ས་ཁུལ་བདམས་ནས་བྱ་དགའ་སྟེར་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད། བྱ་བའི་ཕན་འབྲས་མངོན་གསལ་མིན་པ་དང་ཐ་ན་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་དག་ཕུལ་བྱུང་དུ་འདེམ་པར་བཀག་འགོག་བྱེད་པ་དང་མ་དངུལ་གྱི་གཏིང་ཚད་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། སྔོན་ཐོན་བརྩོན་ལེན་དང་རང་འགུལ་གྱིས་ཡར་ཐོན་བྱེད་པའི་བརྩོན་སེམས་སྐུལ་སློང་བྱེད་དགོས། ལས་ཞུགས་ཀྱི་དམིགས་ཚད་གཙོ་བོ་དང་མི་ཚོགས་གཙོ་བོའི་ལས་ཞུགས། མ་དངུལ་གྱི་འགན་སྲུང་དོ་དམ། བྱ་བ་གཙོ་བོའི་ཡོངས་འགྲུབ་གནས་ཚུལ། བྱ་དགའ་སྟེར་བ་དང་ཆད་པ་བཅད་པའི་གནས་ཚུལ་སོགས་དྲང་ཕྱོགས་ཀྱི་དམིགས་ཚད་སྣ་ལྔ་འབུར་དུ་ཐོན་བྱས་ཏེ། ས་ཁུལ་སོ་སོ་དང་ལས་ཞུགས་ལས་སྐྲུན་བྱ་བ་སོ་སོའི་རྣམ་པར་དབྱེ་ཞིབ་དང་དཔྱད་འཇོག་ཞིབ་ཏུ་བྱེད་དགོས། ཞིང་ཆེན་རིམ་པའི་སྡེ་ཁག་གིས་ལོ་དེའི་བྱ་བའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་དཔྱད་འདེམ་ཇུས་གཞི་གཏན་འབེབས་བྱེད་པ་དང་། ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི་རིམ་པ་སོ་སོའི་དཔྱད་ཞིབ་བྱེད་ཐབས་ལག་བསྟར་བྱེད་དགོས་ལ། རིམ་པ་སོ་སོའི་དཔྱད་ཞིབ་གནས་ཚུལ་དང་ཉིན་རྒྱུན་གྱི་དོ་དམ་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ཕྱོགས་བསྡུས་བྱས་ནས་དཔྱད་འདེམ་མཇུག་འབྲས་ཆགས་པར་བྱས་ནས་ཡོངས་བསྒྲགས་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད། བྱེད་ཐབས་ལ་བཟོ་བཅོས་འཐུས་ཚང་དུ་བཏང་བ་ལས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་གཏོང་བར་སྐུལ་མ་བྱེད་པར་དོན་སྙིང་གལ་ཆེན་ལྡན།


བསོད་ནམས་ཚེ་རིང་གིས་བསྒྱུར།