ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་འཚོགས་འགོ་བརྩམས།
2023.10.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་མཉམ་དུ་འགན་སྒྲུབ་བྱས་པའི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་འཚོགས་འགོ་བརྩམས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་ཁག་བགོས་འགན་ཁུར་བློ་མཐུན་དང་། གྲོང་ཁྱེར་དང་ཁུལ། རྫོང་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་མི་སོ་དགུ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན་ལྔ་ཡིན་ལ། གཅིག་བསྡུས་སྒོས་སློབ་སྦྱོང་དང་རང་སྦྱོང་གི་ཐབས་ལམ་ཟུང་འབྲེལ་བྱེད་པ་དང་། སྤྱིའི་ཆ་ནས་གཉིས་ཁར་ཐིག་ཚེག་ལྔ་སྣོན་པའི་ཁྲིད་ཐབས་སྤྱོད་པ་དང་། མཉམ་འགུལ་རྣམ་པ་དང་ཡུལ་དངོས་སློབ་སྦྱོང་། དཔེ་གཞིར་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱོད་རྒྱུ་རེད། སློབ་ཁྲིད་ཀྱི་ནང་དོན་ལ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་ཚུལ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱ་བ་བཟང་བོར་སྒྲུབ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ལྷད་མེད་ཐཱན་ཉུང་ལ་སྤོ་སྒྱུར་བྱེད་པ། ཐཱན་གཉིས་སྲིད་ཇུས་མ་ལག་གི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་བརྟན་འཇགས་ངང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་སོགས་ལ་སྐུལ་འདེད་གཏོང་བ་སོགས་བྱས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་དང་ཤེས་ཡོན་པས་ཆེད་དོན་སློབ་ཁྲིད་བྱས་ལ། དེ་དང་མཉམ་དུ་སློབ་མ་རྣམས་ཀྱིས་རང་རང་སོ་སོའི་ལས་ཁུངས་དང་སྡེ་ཁག་གི་བྱ་བ་དང་ཟུང་འབྲེལ་བྱས་ནས་མཚོ་སྔོན་གྱིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བའི་གོ་སྐབས་དང་འཐབ་ཇུས་ཁྲིད་སྟོན། བྱེད་ཐབས་གཙོ་བོ། རང་རེའི་ཞིང་ཆེན་གྱི་ལྷད་མེད་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་ཇི་ལྟར་མཐོར་འདེགས་གཏོང་བ་སོགས་ཀྱི་ནང་དོན་ཐད་ནས་བརྗེ་རེས་དང་བགྲོ་གླེང་བྱས། སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་འདུ་ཤེས་དང་ངོས་འཛིན། བྱེད་ཐབས། བརྒྱུད་ལམ་ཐད་གྱི་ངོས་ཟིན། ཐབས་ཇུས་ནུས་པ་བཅས་སྔར་ལས་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་གཏོང་བའི་ལས་རིགས་ཆུ་ཚད་དང་མཚོ་སྔོན་གྱིས་དུས་ལྟར་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་བསམ་ཕྱོགས་དང་བསམ་འཆར་བཏོན།

མི་ཕམ་མགོན་པོས་བསྒྱུར།