མཚོ་ལྷོ་ཁུལ་གྱིས“ཆེད་ལེགས་ཁྱད་གསར”གྱི་ཁེ་ལས་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས།
2023.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱི་ཁེ་ལས་ཆུང་འབྲིང་གཉིས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དྲུག་པའི“ཆེད་ལེགས་ཁྱད་གསརགྱི་ཁེ་ལས་ཆུང་འབྲིང་གི་རྗེས་གྲབས་མིང་ཐོའི་ཁྲོད་ཚུད་པ་དང་སྐོར་ཐེངས་གཉིས་པ་དང་སྐོར་ཐེངས་གསུམ་པའི་“ཆེད་ལེགས་ཁྱད་གསར”གྱི་ཁེ་ལས་འབྲིང་ཆུང་གསར་བའི་མིང་ཐོའི་བསྐྱར་ཞིབ་ཁྲོད་ཚུད། དེས་མཚོ་ལྷོ་ཁུལ་གྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་བ་མཚོན་ལ། ཁེ་ལས་ཆུང་གྲས་ལ་རོགས་སྐྱོར་བྱས་ནས་ཁེ་ལས་ཆེད་ལེགས་ཁྱད་གསར་གྱི་ཕྱོགས་སུ་འཕེལ་རྒྱས་སུ་བཏང་བ་མཚོན།

ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་རྒྱུན་རྣམ་ཅན་གྱི་བླང་བྱར་དམ་དུ་དམིགས་ནས་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་འགན་འཁྲི་རུ་བརྩིས་ནས་ཆེད་ལས་ལག་རྩལ་འཛོམས་པར་གསོ་སྦྱོང་བྱེད་པ་དེ་ཁེ་ལས་ཆུང་འབྲིང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གཙོ་བོར་བྱེད་པའི་རྒྱུན་བསྐྱངས་ནས་ཁེ་ལས་འཕེལ་རྒྱས་སུ་འགྲོ་བར་མཁོ་བའི་རྗེས་འདེད་ཞབས་ཞུ་ཇེ་བཟང་དུ་གཏོང་བ་དང་བྱེད་ཐབས་སྣ་མང་སྤྱད་ནས་ཁེ་ལས་གསོ་སྦྱོང་སྤེལ། ཁེ་ལས་དང་འབྲེལ་བའི་སྲིད་ཇུས་དང་ལས་བཟོ། འཇོན་མི། མ་རྩ་མཉམ་འདྲེས། ཚོང་ར་རྒྱ་བསྐྱེད་པ། ལས་གཞི་ཡར་ཞུ་བྱེད་པ་སོགས་ཕྱོགས་ཀྱི་གནད་དོན་ཐག་གིས་བཅད་ནས་ཁེ་ལས་ཀྱིས་ཞིབ་འཇུག་དང་ཟབ་ཞུགས་བྱེད་ཚད་ཆེ་རུ་གཏོང་བ་དང་ཁེ་ལས་ལ་སྐུལ་མ་བྱས་ནས་ཚན་ཞིབ་གྲུབ་འབྲས་བེད་སྤྱོད་གཏོང་བར་རྒྱབ་སྐྱོར་བྱས།

ཆེད་ལས་ལག་རྩལ་འཛོམས་པའི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་ལྷོ་ཁུལ་གྱི་ཕྱོགས་མང་བོ་ནས་འགོ་བརྩམས་ཏེ་ཆེད་ལས་ལག་རྩལ་འཛོམས་པའི་ཁེ་ལས་འཕེལ་རྒྱས་ཀྱི་གནས་བབ་དང་གསོ་སྐྱོང་གོ་རིམ་ཁྲོད་ཀྱི་གནད་དོན་དང་གསོ་སྐྱོང་བསམ་འཆར་དང་བྱེད་ཐབས་ལ་ཤུགས་བསྣན་ནས་ཁུལ་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་གི་རྒྱུས་ལོན་ཞིབ་བཤེར་སྤེལ་ནས་ཆེད་ལེགས་ཁྱད་གསར་གྱི་སྦས་ཤུགས་འཛོམས་པའི་ཁེ་ལས་བསལ་འདེམས་བྱས་ནས་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་གསོ་སྐྱོང་མཛོད་གྲུབ་པར་བྱས་ནས་ཁེ་ལས་ཀྱི་འཕེལ་རིམ་མི་འདྲ་བར་དམིགས་ནས་རིམ་བགར་ངོས་ལེན་དང་རིམ་བགར་གསོ་སྐྱོང་བྱས་ཏེ་ཁེ་ལས་དང་འཚམ་པའི་ཞབས་འདེགས་ཞུས་ནས་རིགས་སོ་སོའི་ཁེ་ལས་ཆུང་འབྲིང་རྣམས་ཆེད་ལེགས་ཁྱད་གསར་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་པ་དང་ཁེ་ལས་རུ་དཔུང་སྟོབས་ལྡན་དུ་བཏང་།

མི་ཕམ་མགོན་པོས་བསྒྱུར།