གཏེར་ལེན་ཁ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་བདེ་སྐྱིད་བདེ་འཇགས་དྲ་བ་བརྟན་པོར་བཙུགས།
2023.10.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ད་ལོར།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཉེན་ཁ་སྔོན་འགོག་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་རྨང་གཞིའི་རྒྱུ་རྐྱེན་གྱི་འགོག་སྡོམ་ལ་ཤུགས་སྣོན་པ།    འབྱུང་ཐེངས་མང་བའི་གྱོད་དོན་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས།  གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་བཏོད་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་དང་ནུས་པ་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་།  བདེ་ཚོར་བཅས་མཐོར་འདེགས་བཏང་བ་དང་མང་ཚོགས་ཀྱི་བདེ་སྐྱིད་བདེ་འཇགས་དྲ་བ་བརྟན་པོར་བཙུགས།

གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཉེན་ཁ་སྔོན་འགོག་དང་རྐྱེན་ངན་མེད་པར་གཏོང་བ།   གྱོད་དོན་ཇེ་ཉུང་དུ་གཏོང་བ།   བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་གཙོ་ཐིག་ཏུ་བྱས་ཏེ་རྒྱལ་འཇོག་དུག་འཐེན་དང་འཕྲོག་བཅོམ་མགོ་སྐོར་སོགས་ཁྲིམས་འགལ་ནག་ཉེས་གྱོད་དོན་ལ་མྱུར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་།   རྒྱུན་རྣམ་ཅན་གྱི་ནག་འཇོམས་ངལ་སེལ་འཐབ་རྩོད་སྤེལ་ལ།  འབྱུང་ཐེངས་མང་བའི་གྱོད་དོན་ཕྱོགས་ཡོངས་ནས་ཇེ་ཉུང་དུ་བཏང་སྟེ་ཉེས་དོན་དང་བདེ་འཇགས་གྱོད་དོན་ཐད་གནས་བབ་བཟང་བོ་མངོན།

གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་ཁྲོད་དུ།    གཏེར་ལེན་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་བཅོས་སྐྱོང་ཐོན་ཁུངས་གཅིག་བསྡུས་བྱས་ཏེ་ཏང་འཛུགས་དང་ཕྱོགས་མང་མཉམ་སྒུལ་བཅོས་སྐྱོང་གི་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་བཏང་།

དེ་མིན།   དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་།   ཞབས་ཞུ་དམ་འཛིན་བྱེད་རྒྱུ་ནི་འཕེལ་རྒྱས་དམ་པོར་འཛིན་པ་ཡིན་པའི་འདུ་ཤེས་བཙུགས་ཏེ།   ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་ལ།   གཏེར་ལེན་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་ཕྱོགས་བསྡུས་དང་ལེན་དང་འཕྲིན་བཅར་སྣེ་ལེན་བྱེད་ས་སོགས་གསར་དུ་བསྣན་ནས་རྒྱ་ཆེའི་མང་ཚོགས་དག་ལ་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱས།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།