མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་ཚན་རྩལ་ཆེད་མངག་ཚོགས་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2023.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་ཚན་རྩལ་ཐིན་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་ཚན་རྩལ་ཆེད་མངག་ཚོགས་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལས་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུ་དྲུག་གིས་སྤེལ་བའི་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་དུ་ཚན་རྩལ་ཆེད་མངག་ཚོགས་པ་མངག་གཏོང་བྱེད་པའི་བརྡ་སྦྱོར་གྱི་བླང་བྱ་དང་། ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་འཚོགས་པའི་རྒྱལ་ཡོངས་ལས་བྱེད་འཇོན་མིའི་ཚོགས་སྒྲིག་རྣམ་པས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ཟབ་མོ་བྱས་ལ། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་ཚན་རྩལ་ཆེད་མངག་ཚོགས་པའི་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད། ཚོགས་བསྡུ་མཁན་དང་། འབྲེལ་གཏུག་པ། ཚོགས་གཙོའི་འཐུས་མི་སོགས་ཀྱིས་གཏམ་བཤད་ནས། གནས་པའི་གནད་དོན་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ཤིང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས། དཔུང་ཁག་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། ཞབས་ཞུའི་སྤུས་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ཏེ། ལྟ་ཞིབ་བརྟག་དཔྱད་ཤུགས་དྲག་ཏུ་གཏོང་བ་དང་། རྒྱབ་སྐྱོར་བྱེད་ཐབས་ལེགས་བཅོས་བྱེད་པ། གཅིག་གྱུར་དོ་དམ་ལ་ཤུགས་སྣོན་དང་། སྦྱོང་བརྡར་མཛུབ་སྟོན་ཇེ་དྲག་ཏུ་བཏང་སྟེ།  ཚན་རྩལ་ཆེད་མངག་ཚོགས་པའི་ཁོངས་མི་གཞི་རིམ་དུ་བསྐྱོད་པ་དང་། མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ནས། ཚན་རྩལ་རོགས་སྐྱོར་དང་འཇོན་མིས་སྐུལ་ཁྲིད་བྱེད་པ་སོགས་ཀྱི་ལས་དོན་ཏན་ཏག་སྒོས་སྤེལ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱིས་ཚན་རྩལ་ཆེད་མངག་ཚོགས་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བསམ་བློའི་ངེས་ཤེས་ཇེ་མཐོར་བཏང་སྟེ། ཆེད་མངག་ཚོགས་པའི་ལས་དོན་དེ་རྫོང་ཁོངས་ཀྱི་ཞིང་གསུམ་ལས་དོན་དང་ཟུང་འབྲེལ་ནུས་ལྡན་བྱས་ནས། མཉམ་དུ་བཀོད་སྒྲིག་བྱེད་པ་དང་མཉམ་དུ་སྐུལ་འདེད་གཏོང་བ། མཉམ་དུ་དངོས་འབེབས་བཅས་བྱེད་དགོས། སྦྲེལ་མཐུད་ལ་དོ་སྣང་དང་མ་ལག་འཆར་འགོད་བྱས་ཏེ། ཐོན་ལས་དང་ལག་རྩལ། འཇོན་མི་བཅས་ཀྱི་དགོས་མཁོ་ལ་དམིགས་ནས། རང་འགུལ་གྱིས་ཚན་རྩལ་ཆེད་མངག་ཚོགས་པའི་བར་དུ་མཐུན་སྦྱོར་གང་ལེགས་བྱེད་པ་དང་། བྱ་བའི་སྟོབས་ཤུགས་གཅིག་སྡུད་བྱས་ནས།  ཞིང་ཕྱུགས་ལས་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་དཀའ་གནད་སེལ་ཐུབ་བྱེད་དགོས། ཞིང་ཆེན་རིམ་པའི་དཔྱད་དཔོག་ལས་རྣམ་ཁག་ལ་གྲ་སྒྲིག་བྱེད་པའི་བྱ་བ་ཡག་པོར་སྒྲུབ་དགོས་ཏེ། ཞིང་ཆེན་རིམ་པའི་དཔྱད་འཇོག་དེ་གོ་སྐབས་ཤིག་ཏུ་བརྩིས་ནས། གནས་ཚུལ་གསལ་འབྱེད་དང་། གནད་དོན་རྙེད་པར་བྱེད་པ། རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ། མཐོར་འདེགས་དམ་འཛིན་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དུས་སྐབས་བར་མའི་དཔྱད་དཔོག་བྱ་བར་བསུ་མ་བྱེད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།