ཟླ10པའི་ཚེས31ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རའི་གཙོ་གཞི་ཐོ་འགོད་དང་དོ་དམ་སྲོལ་ཡིག ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་བསམ་འཆར་སོགས་ཚོང་གཉེར་གཙོ་གཞི་གནས་སྤོར་གྱི་འབྲེལ་ཡོད་གཏན་ཁེལ་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཚོང་གཉེར་གཙོ་གཞི་གནས་སྤོར་ཐོ་འགོད་བྱེད་པར་དཀའ་ཁག་དང་རྙོག་འཛིང་ཆེ་བའི་སྣང་ཚུལ་ལ་དམིགས་ཏེ། ཉེ་ལམ་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚོང་གཉེར་གཙོ་གཞི་གནས་སྤོར་དང་ཐོ་འགོད་བྱེད་པར་ཐེངས་གཅིག་གིས་ཆོག་པའི་བྱ་བའི་བརྡ་སྦྱོར་དཔར་འགྲེམས་བྱས་ནས་རང་ཞིང་གི་ཚོང་གཉེར་གཙོ་གཞི་གནས་སྤོར་ཐོ་འགོད་བྱེད་པར་སྟབས་བདེ་བསྐྲུན།
བརྡ་སྦྱོར་ཁྲོད་ཚོང་གཉེར་གཙོ་གཞིས་ནང་དུ་ལོག་པ་དང་ཕྱི་རུ་འགྲོ་བ། ཚགས་འདོན། འགྱུར་བ་ཐོ་འགོད་བྱེད་པ་བཅས་གོ་རིམ་བཞི་གོ་རིམ་གཅིག་ཏུ་བཏང་ནས་ཚོང་གཉེར་གཙོ་གཞི་གནས་སྤོར་ཐོ་འགོད་བྱེད་ཐེངས་གཅིག་གིས་ཆོག་པར་བྱས། ཚོང་གཉེར་གཙོ་གཞི་གནས་སྤོར་ཐོ་འགོད་བྱེད་སྐབས། གནས་གང་དུ་སྤོར་ན་ས་དེའི་ཐོ་འགོད་ལས་ཁུངས་སུ་གནས་དེར་སྤོར་བ་དང་འགྱུར་བ་ཐོ་འགོད་ཀྱི་རེ་ཞུ་བྱས་པས་ཆོག་ལ། དང་ཐོག་ཐོ་འགོད་བྱེད་སའི་ལས་ཁུངས་སུ་ཕྱི་རུ་སྤོར་བ་དང་ཚགས་འདོན་སོགས་ཀྱི་རེ་ཞུ་བྱེད་མི་དགོས་ལ། ས་དེའི་ཐོ་འགོད་ལས་ཁུངས་འཐད་མིན་འདྲི་མི་དགོས།
རང་རེའི་ཞིང་ཆེན་གྱིས་ཚོང་གཉེར་གཙོ་གཞི་ཞིང་ཆེན་ནང་ཁུལ་དུ་ཐོ་འགོད་བྱེད་ན། བརྡ་སྦྱོར་ནང་གནས་སྤོར་བྱེད་སའི་ཐོ་འགོད་ལས་ཁུངས་ཀྱིས་འཕྲལ་མར་གནས་སྤོར་བྱེད་ཆོག་པར་ཐག་བཅད་ཆོག་ལ། གང་ནས་གནས་སྤར་ཡོང་ན་ས་དེའི་ཐོ་འགོད་ལས་ཁུངས་ཀྱི་ཚོང་གཉེར་གཙོ་གཞི་ཐོ་འགོད་ཡིག་ཚགས་འཕྱུགས་མེད་པ་རྩིས་ལེན་བྱས་རྗེས་ཀྱི་རྒྱུན་ལྡན་ལས་ཞུགས་ཀྱི་ཉིན་གསུམ་གྱི་ནང་གནས་སྤོར་བྱེད་སའི་ཐོ་འགོད་ལས་ཁུངས་ལ་སྤྲོད་དགོས་ལ། ཡིག་ཚགས་གནས་སྤོར་བྱེད་སའི་ཐོ་འགོད་ལས་ཁུངས་སུ་འབྱོར་རྗེས་གཏན་ཁེལ་གྱི་དུས་ཚོད་ནང་འགྱུར་ལྡོག་འབྱུང་བ་ཐོ་འགོད་བྱེད་པར་གྲ་སྒྲིག་བྱེད་དགོས། ཞིང་ཆེན་ཕྱིའི་ཚོང་གཉེར་གཙོ་གཞིས་རང་རེའི་ཞིང་ཆེན་དུ་ཐོ་འགོད་བྱེད་ན་རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱིས་ཚོང་གཉེར་གཙོ་གཞིའི་གནས་སྤོར་རེ་ཞུ་ཡི་གེ་འབྱོར་རྗེས་གནས་སྤོར་བྱེད་ཆོག་པའི་ཚགས་འདོན་ཡི་གེ་སྤྲོད་དགོས་ལ། ཐོ་འགོད་ཡིག་ཚགས་འབྱོར་རྗེས་ནོར་བ་མེད་པར་རྩིས་ལེན་བྱས་རྗེས་གཏན་ཁེལ་གྱི་དུས་ཚོད་ནང་འགྱུར་བ་བྱུང་བའི་གནས་ཚུལ་ཐོ་འགོད་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།