མཚོ་སྔོན་གྱི་བརླན་ས་གསུམ་རྒྱལ་ཁབ་ཀྱི་བརླན་སའི་མིང་ཐོའི་ཁྲོད་ཚུད།
2023.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ11པའི་ཚེས2ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་སྐོར་ཐེངས་གསར་བའི་རྒྱལ་ཁབ་བརླན་སའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ཉེར་དགུ་བསྒྲགས་ལ། མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་བདེ་ཆུའི་མགོ་ཁུངས་ཀྱི་རྒྱལ་ཁབ་བརླན་ས་གལ་ཆེན་དང་རྩེ་ཁོག་རྩེ་ཆུ་རྒྱལ་ཁབ་བརླན་ས་གལ་ཆེན། ཝུའུ་ལན་གཏེར་ལམ་མཚེའུ་རྒྱལ་ཁབ་བརླན་ས་གལ་ཆེན་བཅས་དེའི་ཁྲོད་ཚུད་ཡོད།

ཆུ་དམར་ལེབ་བདེ་ཆུའི་མགོ་ཁུངས་ཀྱི་རྒྱལ་ཁབ་བརླན་ས་གལ་ཆེན་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ཁོངས་སུ་ཡོད་ལ། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་སོ་དགུ་ལྷག་ཡོད་ཅིང་། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་ན་འདམ་གཙོས་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་དང་རྩ་ཆེའི་རི་སྐྱེས་རྩི་ཤིང་གི་རིགས་ཡིན།

རྩེ་ཁོག་རྫོང་རྩེ་ཆུ་རྒྱལ་ཁབ་བརླན་ས་གལ་ཆེན་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཁོངས་སུ་ཡོད་ལ། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཆིག་ཁྲི་དྲུག་སྟོང་དགུ་བརྒྱ་བཅུ་བཞི་ལྷག་ཡོད་ལ། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། དེ་དག་གི་གནས་སྡོད་ས་ཁུལ་དང་སྐྱེ་འཕེལ་ས་ཁུལ་བཅས་ཡིན།

ཝུའུ་ལན་རྫོང་གཏེར་ལམ་མཚེའུ་རྒྱལ་ཁབ་བརླན་ས་གལ་ཆེན་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གི་ཁོངས་སུ་གནས་ཤིང་། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་དྲུག་སྟོང་དྲུག་བརྒྱ་གྱ་གཉིས་ལྷག་ཡོད་ལ། སྲུང་སྐྱོབ་བྱེད་ཡུལ་གཙོ་བོར་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་སྲོག་ཆགས་དང་སྐམ་ས་ནང་ཁུལ་གྱི་མཚེའུ་སོགས་སྐྱེ་ཁམས་མ་ལག་ཡིན།