མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་དང་མི་སྒེར་འགར་གཟེངས་བསྟོད་ཐོབ།
2023.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

གསར་འགོད་པས་ཉེ་སྔོན་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་བཅུ་གཅིག་པའི་མ་ཡུམ་གཙང་བོའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་གི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་རིམ་པ་གསུམ་པའི་ཀྲུའུ་རིན་ཁོ་ཡོན་ཧྥུན་ཝང་ཁའེ་ལ་ལྷད་མེད་སྲུང་དམག་ཅེས་པའི་བྱ་དགའ་ཐོབ་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དོམ་ཁྲུའུ་ཡི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ལ་ལྷད་མེད་ཚོགས་ཁག་གི་བྱ་དགའ་ཐོབ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་མ་ཡུམ་གཙང་བོའི་བྱ་དགའི་དཔྱད་འདེམ་ལས་ལྷད་མེད་སྲུང་དམག་ཅེས་པའི་བྱ་དགའ་དང་། ལྷད་མེད་ཚོགས་ཁག་བྱ་དགའ། ལྷད་མེད་ལས་གཞིའི་བྱ་དགའ། ལྷད་མེད་བྱས་རྗེས་བྱ་དགའ། ཕུལ་བྱུང་རྩ་འཛུགས་བྱ་དགའ་བཅས་བྱ་དགའ་རིགས་ལྔ་ལས་བསྡོམས་པས་གཟེངས་བསྟོད་བྱ་ཡུལ་བརྒྱ་བདམས་ཡོད། གཟེངས་རྟགས་ཐོབ་པའི་མི་སྒེར་དང་ཐུན་མོང་། ལས་ཁུངས། ལས་གཞི་བཅས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱས་ཤིང་། དོན་དངོས་བྱ་སྤྱོད་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་ལྷད་མེད་འཕེལ་རྒྱས་ལ་ཡར་སྐུལ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ལས་ཡུལ་དང་པོའི་ཕུལ་བྱུང་འཐུས་མི་རེད། ཁོ་ཚོའི་མི་ལ་ལས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་དང་ལག་རྩལ་ལམ་ཐིག་དང་ཚོང་གཉེར་རྣམ་པ་གསར་གཏོད་བྱས་ནས་འཕེལ་རྒྱས་བྱེད་ཐབས་ཀྱི་ལྷད་མེད་ཚུལ་སྒྱུར་གྱི་ལམ་བུ་གསར་བ་འཚོལ་ཞིབ་བྱས་ཡོད་པ་དང་། ལ་ལ་གཞི་རིམ་དུ་རྐང་བཙུགས་ནས་ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་ལས་ཡུལ་དང་པོར་འབད་འཐབ་བྱས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ས་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད། ལ་ལ་དུས་ཡུན་རིང་བོར་ཕྱི་རོལ་དུ་བསྡད་ནས་རྒྱུད་ཆད་ལ་ཉེ་བའི་སྐྱེ་དངོས་དང་སྲོག་ཆགས་ལ་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་གཏོང་བའི་ཐད་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད། ལ་ལས་དག་གཙང་ནུས་ཁུངས་དང་ཐཱན་ཕྱིར་གཏོང་ཞིབ་རྩིས། ཐོན་ཁུངས་ཀྱི་འཁོར་སྐྱོད་བེད་སྤྱོད་སོགས་ལྷད་མེད་ཚན་རྩལ་གསར་གཏོད་བྱ་བ་ཧུར་ཐག་སྒོས་སྤེལ་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་འཐབ་ཇུས་ལ་རོགས་འདེགས་བྱས་པ་རེད།

ཁོ་ཚོའི་སྔོན་ཐོན་བྱས་རྗེས་དེ་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་རྒྱ་ཆེའི་ན་གཞོན་དག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་གཅིག་བསྡུས་ཀྱིས་མཚོན་ཡོད་པ་དང་། དེ་ནི་རྒྱ་ཆེའི་ན་གཞོན་དག་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པའི་མིག་དཔེ་གསོན་པོ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།