མཚོ་ནུབ་ཁུལ་གྱིས་བརྗོད་དོན་སློབ་གསོ་སྤེལ།
2023.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་ཁག་སོ་སོས་བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོར་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་།

མཚོ་ནུབ་ཁུལ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་གནད་དོན་ཐག་གཅོད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་བྱེད་ཐབས་སུ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ནས་ཕྱིར་བཏོན་པ་དང་།    གནད་དོན་དང་འགན་འཁྲིར་དམིགས་ཏེ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་མི་འདང་སར་ཁ་གསབ་བྱེད་པད་ང་བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བྱེད་ཐབས་དང་སྲིད་ཇུས་བྱེད་ཐབས་སུ་འགྱུར་བར་བྱས།

མཚོ་ནུབ་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་སློབ་སྦྱོང་བྱེད་ཞོར་དུ་ལྟ་བཤེར་དང་དེའི་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།   དེ་དང་མཉམ་དུ་ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་འགན་གཉེར་མ་ལག་གི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་ཆེད།  རྩལ་ནུས་འགྲན་སྡུར་སོགས་ཀྱི་བྱ་འགུལ་སྤེལ་ཏེ་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་ཡར་སྐུལ་དང་སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་ཡར་སྐུལ་བྱས་པ་དང་།   སྨན་བཅོས་འགན་སྲུང་སྒྲུབ་གཉེར་མ་ལག་གིས་སྲིད་ཇུས་གཞུང་ལུགས་ཆུ་ཚད་དང་སྨན་བཅོས་འགན་སྲུང་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བར་སྐུལ་མ་བཏང་སྟེ་སྨན་བཅོས་འགན་སྲུང་སྒྲུབ་གཉེར་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་།

མཚོ་ནུབ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དམིགས་འབེན་དུ་བྱས་ཏེ་མིག་སྔའི་བར་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ཁེར་རྐྱང་ནད་ཡོད་པའི་བྱིས་པ་ཉིས་བརྒྱ་རེ་དགུ་ལ་བདེ་ཐང་ཁམས་གསོ་ཞབས་ཞུ་འདོན་སྤྲོད་བྱས་པ་དང་།  དབང་བོ་སྐྱོན་ཅན་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུ་ལ་རོགས་སྐྱོར་སྒྲིག་ཆས་བྱིན་ལ།    དབང་བོ་སྐྱོན་ཅན་ལྔ་བརྒྱ་དང་ཉི་ཤུ་ལ་གསོ་བཅོལ་ཞབས་ཞུ་མཁོ་འདོན་བྱས།   རྗེས་ཕྱོགས།   མཚོ་ནུབ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆ་རྐྱེན་དང་མཐུན་པའི་མིག་ཤུགས་དང་ཉན་ཤུགས།  རིག་སྟོབས་སོགས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ཁེར་རྐྱང་ནད་ཡོད་པའི་བྱིས་པར་ཁམས་གསོ་སྦྱོང་བརྡར་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་།  དབང་བོ་སྐྱོན་ཅན་དག་ལ་རོགས་སྐྱོར་སྒྲིག་ཆས་དང་ལག་རྩལ་གསོ་སྦྱོང་འདོན་སྤྲོད་བྱ་རྒྱུ་རེད།

                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།