ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་དག་གཙང་ནུས་ཁུངས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།
2023.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་གཅིག་སྡུས་སྒོས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་དག་གཙང་ནུས་ཁུངས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པའི་ནུས་ཤུགས་གཅིག་བསྡུས་སྒོས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་དག་གཙང་ནུས་ཁུངས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་སློབ་གཙོ།ཡོན་ཀྲང་ཀྲའོ་ཡོའེ་ཞ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་བཅས་སོ་སོར་འཛིན་གྲྭ་བསྡུ་བའི་མཛད་སྒོ་དང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་ནས་གཏམ་བཤད།

གསོ་སྦྱོང་ལས་ཆེད་དོན་འཆད་ཁྲིད་དང་། ཡུལ་དངོས་སློབ་ཁྲིད། སློབ་མའི་གླེང་སྟེགས། ཚན་ཆུང་ཞིབ་བསྡུར་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཤིང་། ནུས་ཁུངས་མ་ལག་གསར་གྲས་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་གསར་གྲས་འཕེལ་རྒྱས་དང་ཞིབ་འཇུག་བེད་སྤྱོད་གཏོང་བ། ནུས་ཁུངས་གསར་བ་དང་སྲོལ་རྒྱུན་ནུས་ཁུངས་མཉམ་སྲེས་འཕེལ་རྒྱས་སོགས་ཀྱི་ནང་དོན་གཙོར་བཟུང་ནས་སློབ་སྦྱོང་དང་ཞིབ་འཇུག་བྱས་པར་མ་ཟད། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་བརྗོད་དོན་དང་ཟུང་འབྲེལ་བྱས་ཏེ་ཚན་ཆུང་ཞིབ་བསྡུར་དང་སློབ་མའི་གླེང་སྟེགས་སྤེལ་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་ཡུལ་དངོས་ནས་ནུས་ཁུངས་གསར་བའི་རྣམ་གྲངས་གསར་འབྱེད་འཛུགས་སྐྲུན་དང་ནུས་ཁུངས་ཐོན་ལས་མུ་འབྲེལ་གྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་དང་ལྟ་ཞིབ་བྱས།

སློབ་མ་རྣམས་ཀྱིས་བལྟས་ན། གསོ་སྦྱོང་བྱས་པ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་ཀླད་པར་དྲག་ཆས་སྤྲས་ཤིང་ཐུན་མོང་འདུ་ཤེས་གཅིག་གྱུར་བྱས་ལ། ཁ་ཕྱོགས་གསལ་བོར་བསྟན་པར་མ་ཟད། དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ནུས་ཆེ་རུ་བཏང་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ནུས་ཁུངས་བྱ་བའི་རྣམ་བཤད་གལ་ཆེན་སྤྱི་འདོམས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་དགོས་པར་འདོད།

                                                                                           རིག་འཛིན་སྒྲོལ་མས་བསྒྱུར།