ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་སྐོར་ཐེངས་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་ཞིབ་ཞིབ་བཤེར་གྱི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས།
ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་དག་ནི་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ལྟ་སྐུལ་བྱེད་པའི་རང་བྱུང་ནགས་ཚལ་ས་ཁུལ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་གྱོད་དཔེ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནུབ་རྒྱུད་གཏེར་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལྟ་སྐུལ་འོག་ཁེ་ལས་ཀྱི་སྒྲིག་འགལ་ལ་དག་ཐེར་བྱེད་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལྟ་སྐུལ་འོག་མཚོ་སྔོན་པོའི་ཆུར་སྐྱེ་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧུ་ནན་སོག་རིགས་རང་སྐྱོང་རྫོང་ མི་དམངས་ཞིབ་དཔྱོད་ཁང་གི་ལྟ་སྐུལ་བྱེད་པའི་ཁྲིམས་འགལ་སྔོག་བཤེར་གྱིས་རྩྭ་སའི་ཁོར་ཡུག་ལ་གཏོར་བརླག་ཐེབས་པར་སྲུང་སྐྱོབ་བྱེད་པའི་གཏུག་བཤེར་གྱོད་གཞི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལྟ་སྐུལ་བྱེད་པའི་སྟོང་རི་མཚོ་ནག་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལ་སྲུང་སྐྱོབ་བྱེད་པའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི། ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལྟ་སྐུལ་བྱེད་པའི་རི་སྐྱེས་སྐྱེ་དངོས་སོ་ལོ་དམར་པོར་སྲུང་སྐྱོབ་བྱེད་པའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བཅས་རེད།
རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་སྔར་ལས་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་ལ་སྐོར་ཞིབ་ཞིབ་བཤེར་བྱེད་པ་གཙོར་བཟུང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྤྱི་ཕན་གཏུག་བཤེར་ལ་སྐོར་ཞིབ་ཞིབ་དཔྱོད་ཐེངས73བྱས་པ་དང་། གྱོད་དོན་སྒྲུབ་པར་བརྟེན་ནས་ཁྲིམས་འགལ་ངང་བདག་བཟུང་བྱས་པའི་ས་མུའུ་ཆིག་སྟོང་དྲུག་བརྒྱ་དགུ་ཅུ་དང་། འབག་བཙོག་བྱས་པའི་ཆུ་རྒྱུན་སྤྱི་ལེ་ང་བརྒྱད་ལྷག་ཕྱིར་བླངས་པར་མཟད། ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་ཁེ་ལས་བཞི་ཅུ་ལ་དག་ཐེར་བྱས་པ་དང་། བཅོས་སྐྱོང་སླར་གསོའི་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་གྱི་སྐྱིན་ཚབ་སྤྲོད་དུ་བཅུག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ལྕགས་རི་སྔར་ལས་སྲ་བརྟན་ཡོང་བར་རོགས་འདེགས་བྱས།
མི་ཕམ་མགོན་པོས་བསྒྱུར།