ཉེ་ལམ། ཐུན་རིན་ནས་གསེར་ལུང་བར་གྱི་གཞུང་ལམ་ལས་གཞིའི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཏེ་ལུང་བཟང་རི་བོའི་ཕུག་ལམ་དང་པོའི་གཡས་ཀྱི་དོང་ལམ་བདེ་བླག་ངང་བརྟོལ།
རྒྱུས་ལོན་བྱུང་བ་ལྟར་ན། ཐུན་རིན་ནས་གསེར་ལུང་བར་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་དྲུག་ཡོད་པ་དང་འཁོར་ལམ་བཞི་ཅན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད། གཞུང་ལམ་ཧྲིལ་བོར་ཟམ་པ་བརྒྱ་དང་བཅུ་གཅིག་དང་ཕུག་ལམ་བཅོ་བརྒྱད་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་གལ་ཆེན་ཞིག་རེད།
ལུང་བཟང་རི་བོའི་ཕུག་ལམ་དང་པོ་དེ་རྩེ་ཁོག་རྫོང་དུ་ཡོད་པ་དང་། འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ། ཐུན་རིན་དང་གསེར་ལུང་ལས་གཞིའི་འཛུགས་སྐྲུན་པ་རྣམས་ཀྱིས་གྲངས་ངར་ཆེ་བ་དང་མཚོ་འཕགས་མཐོ་བ། བཟོ་སྐྲུན་གྱི་དུས་ཡུན་ཐུང་བ། ས་གཤིས་ཆ་རྐྱེན་རྙོག་འཛིང་ཡིན་པ། སྤུས་ཚད་བདེ་འཇགས་ཉེན་ཁའི་དོ་སྲུང་གི་ཚད་མཐོ་བ་སོགས་ཀྱི་དཀའ་གནད་ཁྱད་དུ་བསལ་ནས་ལས་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན། དེར་མ་ཟད། སྔོན་ལ་ས་གཤིས་སྔོན་བརྡ་གཏོང་བ་སོགས་ཀྱི་ལག་རྩལ་སྤྱད་དེ་དུས་ཐོག་ཏུ་ཨར་ལས་བཟོ་སྐྲུན་གཞི་གྲངས་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ཕུག་ལམ་གྱི་བདེ་འཇགས་ཨར་ལས་ཐད་གཞི་གྲངས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་བཟོ་སྐྲུན་སྤུས་ཚད་ལོངས་རྒྱུར་འགན་སྲུང་བྱས་ཏེ། ཕུག་ལམ་གཡས་ཀྱི་དོང་ལམ་བདེ་བླག་ངང་བརྟོལ་བ་དེས་ལས་གཞིའི་གོ་རིམ་ཧྲིལ་བོའི་ཕུག་ལམ་གཞན་པའི་བཟོ་སྐྲུན་འཛུགས་སྐྲུན་ཐད་ཉམས་མྱོང་རྩ་ཆེན་བསགས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།