ཧི་ནན་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དབུས་ཤར་ཁྲོམ་རར་ཕྱིར་གཏོང་བྱེད་རྒྱུ་རེད།
2023.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

མིག་སྔར།   ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ལྡན་ཐོན་ལས་ཚན་རྩལ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་དག་རྩ་འཛུགས་བྱས་ཏེ་སྐབས་ཉི་ཤུ་པའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ཐོན་དངོས་རྫས་བརྗེ་རེས་ཚོགས་འདུར་ཞུགས།   བརྗེ་རེས་ཚོགས་འདུའི་སྟེང་།   ཧི་ནན་རྫོང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏིས་པའེ་ལུང་ཁྲིན་ཕྱིར་སྡོད་རང་མིའི་སྤྱིའི་ཚོང་ཚོགས་བར་མཉམ་ལས་གྲོས་མཐུན་བཀོད་པ་དང་།   དེས་ཧི་ནན་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དབུས་ཤར་དུ་ཕྱིར་གཏོང་བྱས་པ་མཚོན།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏིས་པའེ་ལུང་ཁྲིན་ཕྱིར་སྡོད་རང་མིའི་སྤྱིའི་ཚོང་ཚོགས་ཀྱི་འགན་ཁུར་མི་སྣ་ཅིན་གོ་ཀྲུང་གིས་བསྟན་དོན།   རྗེས་ཕྱོགས་ཧི་ནན་རྫོང་གི་སྐྱེ་ལྡན་ཐོན་ལས་ཚན་རྩལ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་།     ཧི་ནན་རྫོང་གི་ཤོ་ཏོ་ནོར་ཤ་དང་ཨ་མའི་ཞོ་སོགས་ཐོན་རྫས་ཉོ་བསྡུའི་འཆར་གཞིའི་ཁྲོད་འཇོག་རྒྱུ་ཡིན་པར་མ་ཟད།    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཁྲོམ་ར་གཙོ་བོར་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཟེར།

ཧི་ནན་རྫོང་སྐྱེ་ལྡན་ཐོན་ལས་ཚན་རྩལ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་སྦྲེལ་མཐུད་དང་མཉམ་ལས་ལས་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་མཉམ་ལས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་ཧི་ནན་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།