ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་དོན་འཁྱོལ་བྱས་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།
2023.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཉེ་ལམ།   གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོར།   ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་ཏེ་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་གྱི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་གཉིས་བརྩོན་ལེན་དོན་འཁྱོལ་བྱས་ནས་ཞིང་སྡེ་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་དང་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར།   གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་སྡེ་བ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བ་སོགས་ལས་གཞི་ཉིས་བརྒྱ་རེ་ལྔ་ལག་བསྟར་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་བཏང་།

ད་ལོར།   མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་བརྒྱད་བཀོད་སྒྲིག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་དང་འདེབས་འཛུགས་གསོ་སྤེལ་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལས་གཞི་བརྒྱ་དང་ལྔ་བཅུ་ལག་བསྟར་བྱས་པ་དང་།    མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དྲུག་བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་བགྲོད་ལམ་དང་ཟམ་པ་ཆུང་ངུ་།    ཆུ་བེད་ཆུ་འདྲེན་སོགས་རྨང་གཞིའི་སྒྲིག་ཆས་ལས་གཞི་དོན་བཞི་ལག་བསྟར་བྱས།  ཟླ་དགུ་པའི་ཟླ་མཇུག་བར་དུ།    གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་བཏང་བ་དང་མ་དངུལ་བཏང་ཚད་བརྒྱ་ཆའི་བརྒྱད་ཅུ་དང་གྲངས་ཆུང་ལྔ་གཅིག་ལ་སླེབས་ཡོད།   ལས་གཞི་ལས་བསྟར་བྱས་པ་བརྒྱུད་དེ།   མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས་པ་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་བར་མ་ཟད།    དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་བཏང་བ་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་མི་རིགས་སོ་སོས་བརྗེ་རེས་དང་འབྲེལ་འདྲིས།  མཉམ་བསྲེས་བཅས་བྱེད་པར་ཡར་སྐུལ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་རྗེས་ཕྱོགས་གཙོ་གཞིའི་འགན་འཁྲི་སྔར་ལས་དོན་འཁྱོལ་དང་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་གྱི་མ་དངུལ་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།    ལས་གཞིའི་མ་དངུལ་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ།    ལས་གཞིའི་མ་དངུལ་གྱི་སྤྱི་ཚོགས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་འདོན་སྤེལ་བྱེད་པ།   དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྦྲེལ་མཐུད་བཅས་བྱས་ཏེ་རང་ཞིང་གི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ངེས་ཡིན་ཞེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།