ད་ལོའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པ་རེད། གསར་འགོད་པས་ཚེས26ཉིན་རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་དུས་ཚོད་ཟླ12པའི་ཚེས1ཉིན་ནས་ཚེས7ཉིན་བར་ཡིན་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གནས་ཚུལ་དངོས་ལ་རྐང་བཙུགས་ནས། བྱ་འགུལ་གྱི་དུས་ཚོད་འོས་འཚམ་གྱིས་རྒྱུན་བསྲིང་རྒྱུ་རེད།
ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་སྒྲུབ་ཁང་བཅས་ཀྱིས་ཉེ་སྔོན་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱས་པའི་བརྡ་སྦྱོར་ལྟར་ན། 2023ལོའི་རྒྱལ་ཡོངས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་བརྗོད་དོན་ནི་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་པ་དང་། དྲིལ་སྒྲོག་གི་ནང་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ། རྩ་ཁྲིམས། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཁྲིམས་ལྟར་རྒྱལ་ཁབ་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་བཅས་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་བྱ་འགུལ་གཙོ་བོའི་བཀོད་སྒྲིག་ཐད་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་འགོ་ཁྲིད་དེ་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པའི་འབྲེལ་ཡོད་བྱ་འགུལ་སྤེལ་བ་དང་། རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་སྒྲུབ་ཁང་གིས་ཞི་ཅིན་ཕིང་གི་བཅའ་ཁྲིམས་དགོངས་པའི་མ་ལག་འཆད་ཁྲིད་བརྙན་རིས་སྤེལ་བ། སློབ་གསོ་པུའུ་དང་ཁྲིམས་འཛིན་པུའུ་ཡིས་པེ་ཅིང་ནས་རྒྱལ་ཡོངས་ན་གཞོན་ལོ་ཆུང་སློབ་མའི་ཁྲིམས་སྐྱོང་སློབ་གསོའི་ལག་ལེན་དཔེ་སྟོན་རྟེན་གཞི་སྒོ་འབྱེད་པའི་མཛད་སྒོ་བསྡུ་བ་དང་། ཁྲིམས་འཛིན་པུའུ་ཡིས་སློབ་གསོ་པུའུ་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་སློབ་གསོ་མ་ལག་གི་རྩ་ཁྲིམས་ཞོགས་ཀློག་བྱ་འགུལ་སྤེལ་བ། རྩ་ཁྲིམས་དང་མཉམ་དུ་འཚར་ལོངས་འབྱུང་བའི་གླུ་དབྱངས་བརྒྱུད་ལེན་སོགས་ན་གཞོན་ལོ་ཆུང་སློབ་མའི་རྩ་ཁྲིམས་ཁྲིམས་སྐྱོང་སློབ་གསོའི་བརྗོད་དོན་བྱ་འགུལ་སྤེལ་བ། རིག་གནས་དང་ཡུལ་སྐོར་པུའུ་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་སྒྲུབ་ཁང་བཅས་ཀྱིས་རྒྱལ་ཁབ་དཔེ་མཛོད་ཁང་དུ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་ཆེད་དོན་འགྲེམ་སྟོན་དང་མ་ལག་འཆད་ཁྲིད་བསྡུ་བ། ཞིང་ལས་ཞིང་སྡེ་པུའུ་དང་ཁྲིམས་འཛིན་པུའུ་ཡིས་ཅང་སུའུ་ཞིང་ཆེན་ཁྲང་ཧྲུའུ་གྲོང་ཁྱེར་ཀུའུ་ལིས་གྲོང་རྡལ་ཁང་པོ་སྡེ་བ་རུ་རྩ་ཁྲིམས་ཞིང་སྡེ་རུ་བསྐྱོད་པའི་བྱ་འགུལ་གཙོ་བོ་བསྡུ་བ། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་སྒྲུབ་ཁང་གིས་ཧི་པེ་ཞིང་ཆེན་དུ་བཅའ་ཁྲིམས་ཤེས་མཁན་གྱི་ནུས་པ་འདོན་སྤེལ་བྱ་བའི་ཚོད་ལྟའི་ས་ཁུལ་གྱི་བརྗེ་རེས་གྲོས་ཚོགས་བསྡུ་བ་སོགས་འདུ།
བརྡ་སྦྱོར་ལས། ས་ཆ་དང་སྡེ་ཁག་སོ་སོས་རིག་གནས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་རིག་གནས་འཛུགས་སྐྲུན་བྱས་ནས། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བློ་སྦྱོང་མཐོར་འདེགས་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི་གནད་འགག་གྲངས་ཉུང་དམ་འཛིན་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་ཤེས་དགོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གསལ་ཁྲའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ན་གཞོན་ལོ་ཆུང་དང་དྲ་དམངས་སོགས་མི་ཚོགས་གཙོ་བོ་དམ་འཛིན་བྱས་ནས། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས། རྩ་ཁྲིམས་ས་འོག་ལྕགས་ལམ་ས་ཚུགས་དང་གནམ་གྲུ་ཐང་། མེ་འཁོར་ས་ཚུགས་སོགས་སྤྱི་ཐུན་ཡུལ་གནས་སུ་ཁེབས་པར་བྱས་ཏེ། སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས། དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་དང་གཞིས་ཁུལ། ཞིང་སྡེའི་ཁྲིམས་སློབ་ཁྲིམས་བཀོལ་དཔེ་སྟོན་ཁྱིམ་ཚང་དང་བཅའ་ཁྲིམས་ཤེས་མཁན་གྱིས་གཞི་རིམ་འགལ་རྩོད་ཐག་གཅོད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ཀྱིས་མི་དམངས་བར་འདུམ་དང་སྲིད་འཛིན་བསྐྱར་གྲོས། ཞུ་གཏུག་སོགས་ལམ་བུ་དང་བྱེད་ཐབས་བརྒྱུད་དེ་ཁྲིམས་ལྟར་རང་སྟེང་གི་དབང་ཆ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱས་ནས། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་གནད་དོན་ལ་འཕྲད་དུས་བྱེད་ཐབས་འཚོལ་བ། གནད་དོན་ཐག་གཅོད་དུས་བཅའ་ཁྲིམས་བཀོལ་བ། འགལ་རྩོད་ཐག་གཅོད་དུས་བཅའ་ཁྲིམས་ལ་བརྟེན་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།