མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་བཏུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས།
2023.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་སྡེ་འབྲོག་ཁུལ་གྱི་བཏུང་ཆུའི་བདེ་འཇགས་འགན་སྲུང་དང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་པ་དང་སྔར་ལས་ཤུགས་འདོན་ཆེད། ཆུ་བེད་ཐིན་གྱིས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཆུ་འབྲེལ་བྱ་བའི་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ་བ་དང་། གཞི་རིམ་ཆུ་བེད་སྡེ་ཁག་གི་ལག་རྩལ་མཛུབ་སྟོན་བྱེད་ཤུགས་ཆེར་བསྐྱེད་པ། ཞིང་སྡེའི་གཅིག་བསྡུས་ཆུ་འདོན་བཟོ་སྐྲུན་གྱི་ཚད་ལྡན་ཅན་གྱི་དོ་དམ་ལག་བསྟར་བྱེད་པ། སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བཏུང་ཆུའི་བདེ་འཇགས་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱས་ནས། རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པའི་དཔྱད་འཇོག་ཞིབ་དཔྱད་ཐད་ཆུ་བེད་ཀྱི་འགན་སྲུང་འདོན་སྤྲོད་བྱས།

ཞིང་ཆེན་ཆུ་བེད་ཐིན་གྱིས་ཞིང་སྡེ་འབྲོག་ཁུལ་གྱི་བཏུང་ཆུའི་བདེ་འཇགས་འགན་སྲུང་གི་འགན་འཁྲི་གཙོ་བོར་རྐང་བཙུགས་ནས། ཞིང་ཆེན་རིམ་པའི་ལྟ་སྐུལ་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཐད་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གྱི་ཆུ་བེད་འགན་སྲུང་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ས་ཁུལ་འགན་ལེན་ལྟ་སྐུལ་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས་ལ། གྲལ་བཤེར་ལྟ་ཞིབ་དང་འགན་ལེན་ལྟ་སྐུལ། ལས་གཞི་འཛུགས་སྐྲུན། གནས་སྦྲེལ་རོགས་སྐྱོར། སྲིད་ཇུས་དྲིལ་སྒྲོག ལས་གཞི་འཆར་འགོད་སོགས་འགུལ་སྐྱོད་ཆེན་པོ་དྲུག་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཆུ་འདོན་ལས་འགན་ཡོད་པའི་རྫོང་དང་གྲོང་ཁྱེར། ཆུའུ་སོ་སོར་ཡོངས་སུ་ཁེབས་པར་བྱས། ཆུ་འདོན་གནད་དོན་ཐད་ནས་འགན་ཁུར་བ་དང་ཉིན་བདུན་ལ་བསྒྲུབ་པ། ཉིན་ལྔའི་ནང་ཕྱིར་དཔྱད་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་བཏུང་ཆུའི་ཐད་ཀྱི་ཞུ་གཏུག་ཐག་གཅོད་པར་ཁག་ཐེག་བྱས་པ་དང་། རྒྱུ་ལམ་སོ་སོ་ནས་ཡར་ཞུ་བྱས་པའི་གནད་དོན་གཙང་སེལ་བྱས།

གཞི་རིམ་ཆུ་བེད་སྡེ་ཁག་ལ་ལག་རྩལ་མཛུབ་སྟོན་བྱེད་ཤུགས་ཆེར་གཏོང་བ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རང་ས་ཁུལ་དུ་གནས་པའི་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པ་དང་ཆུ་སྤུས་གཏན་འཇགས་མིན་པ། སྦུག་དྲ་རྙིང་འགྱུར་སོགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པར་མཛུབ་སྟོན་བྱས་ལ། གཞི་ཁྱོན་ཅན་གྱི་ཆུ་འདོན་དང་དེང་རབས་ཅན་གྱི་དོ་དམ་དམིགས་འབེན་དུ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ཁུངས་དང་ཆུའི་བཟོ་གྲྭ་འཛུགས་སྐྲུན་བྱེད་པ་དང་སྦུག་དྲ་རྒྱུན་བསྲིང་བ། ཚད་འཇལ་སྒྲིག་ཆས་བཀོད་སྒྲིག་བྱེད་པ། ཆ་འཕྲིན་ཅན་སོགས་ཀྱི་བཟོ་སྐྲུན་ལ་འཆར་འགོད་བྱས་ཏེ། ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བཟོ་སྐྲུན་ལས་གཞི་མཛོད་འཛུགས་སྐྲུན་བྱས་པ་དང་འཐུས་ཚང་དུ་བཏང་།

དེ་དང་མཉམ་དུ། ཞིང་སྡེའི་གཅིག་བསྡུས་ཆུ་འདོན་བཟོ་སྐྲུན་གྱི་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་བསྣན་པ་དང་། གཅིག་བསྡུས་རང་བཞིན་གྱི་ཆུ་འདོན་བཟོ་སྐྲུན་གྱི་དུག་སེལ་གཙང་དག་སྒྲིག་ཆས་དང་ཆེད་ལས་ལག་རྩལ་མི་སྣའི་བཀོད་སྒྲིག་ལ་ཤུགས་བསྣན་ནས། བཀོད་སྒྲིག་བྱེད་འོས་པ་ཚང་མར་བཀོད་སྒྲིག་བྱས། ལམ་ལུགས་འཛུགས་སྐྲུན་དང་འཁོར་རྒྱུག་དོ་དམ་མི་སྣའི་ལག་རྩལ་གསོ་སྦྱོང་ལ་ཤུགས་བསྣན་པ་དང་། བདེ་འཇགས་ཐོན་སྐྱེད་ལ་ཤུགས་བསྣན་ནས། བཟོ་སྐྲུན་བདེ་འཇགས་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱས།

རིན་ཆེན་མཚོས་བསྒྱུར།