མཚོ་ནུབ་ཁུལ་གྱིས་བརྟན་ནོར་གྱི་དཔང་ཡིག་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་།
2023.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ།   ལག་ལེན་འཛིན་པ།  བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་དུ་དམིགས་ནས་དམངས་ཚིས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དམ་པོར་བཟུང་བ་དང་།    བརྟན་ནོར་གྱི་དཔང་ཡིག་སྒྲུབ་དཀའ་བ་སོགས་གནད་དོན་གྱི་དག་ཐེར་ལེགས་བཅོས་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་གཞིས་ཁུལ་ཉེར་གཉིས་ཀྱི་སྡོད་དམངས་ཁྱིམ་ཚང་སྟོང་ལྔ་དང་དྲུག་བརྒྱ་དོན་བརྒྱད་ཀྱི་བརྟན་ནོར་དཔང་ཡིག་སྒྲུབ་དཀའ་བའི་གནད་དོན་ཐག་བཅད་ནས་མང་ཚོགས་ལ་སྡོད་ཁང་ཡོད་པ་དང་བརྟན་ནོར་དཔང་ཡིག་ཡོད་པར་བྱས།

མཚོ་ནུབ་ཁུལ་གྱིས་བརྟན་ནོར་དཔང་ཡིག་སྒྲུབ་དཀའ་བ་སོགས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་སྦྱོར་དཔར་འགྲེམ་བྱས་པ་དང་།   ཁུལ་རང་བྱུང་ཐོན་ཁུངས་ཅུའུ་ཡིས་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁག་ཁུར་དང་དམངས་ཀྱི་དཀའ་ཁག་སེལ་བའི་བརྩེ་སེམས།   དངོས་ཡོད་ནུས་ལྡན་གྱི་བྱེད་ཐབས་སོགས་ལ་བརྟེན་ནས་དཀའ་གནད་ཐག་བཅད་པ་དང་།     དཔང་ཡིག་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་པ་དང་སྐོར་གསར་པའི་ཞིབ་བཤེར་ལེགས་སྒྲིག་བྱ་བར་སྐུལ་འདེད་ནན་མོ་བཏང་སྟེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས།

 ལྷ་མོ་ཚེ་རིང་གིས་བསྒྱུར།