རང་ཞིང་གིས་དུག་འགོག་དྲིལ་སྒྲོག་སློབ་གསོ་རྟེན་གཞི་གཅིག་བསྡུས་སྒོས་སྒོ་འབྱེད་པའི་གཟའ་འཁོར་བྱ་འགུལ་སྤེལ།
2023.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཞིང་ཆེན་དུག་འགོག་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་དུག་འགོག་དྲིལ་སྒྲོག་སློབ་གསོ་རྟེན་གཞི་གཅིག་བསྡུས་སྒོས་སྒོ་འབྱེད་པའི་གཟའ་འཁོར་གྱི་བྱ་འགུལ་སྤེལ། གཅིག་བསྡུས་སྒོ་འབྱེད་གཟའ་འཁོར་སྐབས་སུ། ས་ཆ་སོ་སོའི་དུག་འགོག་གཞུང་སྒྲུབ་ཁང་གིས་ནང་ལ་གདན་ཞུ་བྱེད་པའི་རྣམ་པ་སྤྱད་དེ། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ། སྨྱན་བྱད་བྱ་བ་སྒྲུབ་མཁན་བཅས་མི་ཐེངས་ཁྲི་བརྒྱད་ལྷག་དུག་འགོག་སློབ་གསོ་རྟེན་གཞིར་ལྟ་སྐོར་བྱེད་པར་གདན་ཞུ་བྱས།

བྱ་འགུལ་སྐབས་སུ། སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ་སྤྱི་ཚོགས་ཡོངས་ལ་གདན་ཞུ་ཡི་གེ་བསྒྲགས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུའུ་རིམ་པ་ཡན་གྱི་དུག་འགོག་དྲིལ་སྒྲོག་སློབ་གསོ་རྟེན་གཞིའི་ས་གནས་དང་སྒོ་འབྱེད་པའི་དུས་ཚོད། འབྲེལ་འདྲིས་མི་སྣ་ཁྱབ་བསྒྲསག་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཐག་ཉེ་ས་ནས་དུག་འགོག་དྲིལ་སྒྲོག་སློབ་གསོ་རྟེན་གཞི་ལ་ལྟ་སྐོར་བྱེད་པར་སྟབས་བདེ་བསྐྲུན། དེ་དང་མཉམ་དུ། དྲི་བར་ལན་འདེབས་པ་དང་ལྟ་སྐོར་བྱེད་པ། ལྟ་སྐོར་བྱེད་པར་ཡོང་བའི་མང་ཚོགས་ལ་དུག་འགོག་དྲིལ་སྒྲོག་དངོས་རྫས་དང་རྗེས་དྲན་དངོས་རྫས་སྟེར་བ་སོགས་ཀྱི་རྣམ་པ་སྤྱད་དེ་ལྟ་སྐོར་བ་ནང་འགུག་བྱས། མཚོ་ལྷོ་དང་མཚོ་བྱང་། རྨ་ལྷོ། ཡུས་ཧྲུའུ་དང་མགོ་ལོག་སོགས་ས་ཆས་བོད་རྒྱ་སྐད་གཉིས་ཀྱི་འགྲེལ་བཤད་བརྒྱུད་དེ་དུག་འགོག་ཤེས་བྱའི་ཁྱབ་གདལ་ཚད་ཇེ་མཐོར་བཏང་།

རིན་ཆེན་མཚོས་བསྒྱུར།