ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས2023ལོའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་ཐད་ཀྱི་སྔོན་ཐོན་ཐུན་མོང་དང་མི་སྒེར། ཕུལ་བྱུང་གཞུང་ལུགས་སྒྲོག་འགྲེལ་སྙན་ཞུ། བརྙན་རིས་ཐུང་བ་བཅས་ལ་གཟེངས་བསྟོད་བྱས། རང་ཞིང་གི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་འཆད་ཁྲིད་ཚོགས་པར་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་ཐུན་མོང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧའོ་ཞ་ལ་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་མི་སྒེར་མཚན་སྙན་ཐོབ་པ་དང་། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སྨྱན་སྦྱོར་གསར་བའི་ལྟེ་གནས་ཚོང་འཕྲིན་འཁོར་རྒྱུག་པུའུ་ཡི་ཀྲུའུ་རིན། གསར་འགོད་པ་པད་ཝན་ལིས་ཀྱིས་ལས་པའི་སྒྲོག་འགྲེལ་བརྙན་རིས་ཐུང་ངུ་ཚོགས་ཆེན་ཉི་ཤུ་བཟང་བོར་གླེང་ཞེས་པར་ཕུལ་བྱུང་གཞུང་ལུགས་སྒྲོག་འགྲེལ་བརྙན་རིས་ཐུང་བའི་མཚན་སྙན་ཐོབ།
ཐེངས་འདིར་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱིས། དུས་ཡུན་རིང་བོར་གཞི་རིམ་ཡུལ་དངོས་སུ་རྐང་བཙུགས་ནས། སྤྱི་ཚོགས་ཀྱི་མང་ཚོགས་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་པས། བརྙན་རིས་ཐུང་བའི་སྒྲོག་འགྲེལ་བརྩམས་ཆོས་དེར་ས་གནས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པ་དང་། མི་ཡོངས་ཀྱིས་བལྟས་རྗེས་བསམ་གཞིགས་གཏོང་བ་དང་སྐུལ་སློང་ཐེབས་ངེས། བསྟུད་མར་ལོ་མང་པོའི་རིང་ལ་མཚན་སྙན་ཐོབ་པ་དེས་རང་ཞིང་གི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་བྱ་བའི་ཐད་ཀྱི་དཔེ་མཚོན་གྲུབ་པར་བྱས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་དཔེ་སྟོན་སྣེ་ཁྲིད་འོག་དང་། གཞི་རིམ་ཏང་ཨུའི་འཆད་ཁྲིད་ཚོགས་པས་སྐུལ་འདེད་འོག རང་ཞིང་གི་གཞི་རིམ་གཞུང་ལུགས་དྲིལ་སྒྲོག་བྱ་བས་རྣམ་པ་དང་བརྒྱུད་སྒྲོག་བྱེད་ཐབས་རྒྱུན་མ་ཆད་པར་གསར་གཏོད་བྱས་པ་དང་། གཞི་རིམ་སྒྲོག་འགྲེལ་བྱ་བ་གཏིང་ཟབ་དང་དོན་དང་མཐུན་པར་སྤེལ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྒྲོག་འགྲེལ་གྱི་སྟོབས་ཤུགས་ཆེན་པོ་བསྡུ་རུབ་བྱས།
རིན་ཆེན་མཚོས་བསྒྱུར།