རང་ཞིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཤེས་ལྡན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ལ་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱས།
2023.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ12པའི་ཚེས5ཉིན།    གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བརྡ་སྦྱོར་སྤེལ་ཏེ་མཚོ་སྔོན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་།    ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ།   ཞིང་ཆེན་ཀྲུང་ལུགས་སྨན་ཁང་།    མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་བཅས་སུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚོད་ལྟའི་སྒོ་བསྟེན་ཁང་བཙུགས་ཏེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཇོན་མིའི་ཆེད་ལས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་།    དུས་བཅད་ལྟར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཚོད་ལྟའི་སྨན་ཁང་དུ་ནད་བརྟག་སྨན་བཅོས་སོགས་ཀྱི་ཞབས་ཞུ་སྤེལ།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚོད་ལྟའི་སྒོ་བསྟེན་ཁང་བཙུགས་པ་ནི་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྨན་ཁང་གི་རོགས་སྐྱོར་སྟོང་ཆ་སྐོང་བའི་ནུས་ལྡན་བྱེད་ཐབས་ཤིག་ཡིན་པ་དང་།     རྒྱ་ཆེའི་ཤེས་ལྡན་པ་དག་གིས་ཚོགས་སྒྲིག་རྣམ་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཕན་འབྲས་རྒྱ་བསྐྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད།    ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཤེས་ལྡན་པའི་བྱས་རྗེས་འཇོག་པའི་སྙིང་སྟོབས་མཚོན་པ་དང་།   མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཤེས་ལྡན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ནད་པ་དག་གི་ཞིང་ཆེན་བརྒལ་ནས་སྨན་བཅོས་བྱེད་པའི་ཁུར་བོ་ཇེ་ཡང་དུ་བཏང་ལ།  མང་ཚོགས་དག་གིས་ཐག་ཉེ་ས་ནས་ཞིང་ཆེན་ཕྱིའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པར་བྱས།

རང་ཞིང་གིས་ཚོད་ལྟའི་སྨན་ཁང་གི་ཆེད་ལས་དགོས་མཁོ་ལྟར།   པེ་ཅིང་དང་ཧྲང་ཧེ།   ཀྲེ་ཅང་།    ཧྲན་ཏུང་།   ཅང་སུའུ།   ཐེན་ཅིན་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པ་བདམས་ནས་སྨན་བཅོས་ཞབས་ཞུ་སྤེལ་རྒྱུ་མ་ཟད།    གཟའ་མཇུག་དང་དུས་ཆེན་སྐབས་སུའང་ལུགས་མཐུན་གྱིས་སྨན་བཅོས་ཞབས་ཞུའི་དུས་ཚོད་བཀོད་སྒྲིག་བྱེད་རྒྱུ་ཡིན་ལ།   སྒོ་བསྟེན་སྨན་བཅོས་དང་སློབ་ཁྲིད་ཚན་ཞིབ།    སློབ་མ་གསོ་སྐྱོང་།   ལག་རྩལ་མཛུབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་ནད་པ་དག་ལ་སྤུས་ལེགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་།     ཚོད་ལྟའི་སྨན་ཁང་གི་སྨན་བཅོས་ཆུ་ཚད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  མང་ཚོགས་དག་གི་རིམ་པ་མང་པ་དང་རྣམ་པ་སྣ་མང་གི་སྨན་བཅོས་དགོས་མཁོ་སྐོང་རྒྱུ་རེད།  

ལྷ་མོ་ཚེ་རིང་གིས་བསྒྱུར།