ཉེ་ལམ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་གཞུང་སྒྲུབ་ཁང་གིས 2022ལོའི་སྨན་བཅོས་འགན་སྲུང་མ་དངུལ་འཁོར་རྒྱུག་གདེང་འཇོག་གི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། དངུལ་གསོག་དངུལ་སྤྲོད་དང་ཐོབ་ཐང་འགན་སྲུང་། ཐེབས་རྩའི་ལས་ཆོད། ཐེབས་རྩའི་ལྷག་འཕྲོ། སྨན་བཅོས་མཉམ་ལས་བཅས་རྩ་ཚད་ལྔའི་ཕྱོགས་བསྡུས་དཔྱད་འཇོག་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་ཨང་རིམ་སྤྱིའི་ཆ་ནས་མདུན་གྲས་སུ་ཡོད་པ་དང་། དེའི་ཁྲོད། མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་ཉེན་སྲུང་མ་དངུལ་གྱི་སྐར་གྲངས་གོ་གཅིག་དང་གྲངས་ཆུང་བཞི་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཨང་རིམ་དགུ་པ་ཡིན་ལ། དེ2021ལོ་དང་བསྡུར་ན་ཨང་རིམ་ཉེར་གཉིས་ཇེ་མཐོར་སོང་། ལས་བཟོ་བའི་གཞི་རྩའི་སྨན་བཅོས་ཉེན་སྲུང་མ་དངུལ་གྱི་སྐར་གྲངས་གྱ་དགུ་དང་གྲངས་ཆུང་དགུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཨང་རིམ་བཅུ་གཅིག་པར་སླེབས་ལ། དེ2021ལོ་དང་བསྡུར་ན་ཨང་རིམ་བཅུ་བཞི་ཇེ་མཐོར་སོང་། རང་ཞིང་གིས་གཞི་གྲངས་དངུལ་སྤྲོད་ཚད་དང་ཕྱོགས་བསྡུས་གྲོན་ཚད། ཞག་སྡོད་སྨན་བཅོས་ཀྱི་དཀར་ཆག་ནང་གི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་སོགས་ལ་གཅིག་འདོམས་བྱེད་པ་སོགས་དམིགས་ཚད་དྲུག་ཐད་ནས་སྐར་མ་ཆ་ཚང་ཐོབ།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་སྨན་བཅོས་འགན་སྲུང་མ་དངུལ་འཁོར་རྒྱུག་དོ་དམ་བྱ་བ་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། མ་དངུལ་ལེགས་ཞིབ་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ། མ་དངུལ་གྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ། མ་དངུལ་ཚད་ལྡན་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།