བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་བྱ་བ་གཙོ་བོ་སོ་སོ་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། གཅིག་གྱུར་འཆར་འགོད་དང་དོན་འཁྱོལ་དམ་འཛིན། བསླབ་ནས་ལས་ལ་སྐུལ་ཏེ་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།
ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་འཕྲོད་བསྟེན་བདེ་ཐང་ལས་རིགས་ཀྱི་སྒྲིག་གཞིའི་ནང་རྐྱེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ལས་དོན་ཞིབ་ཚགས་ཅན་དུ་བཏང་སྟེ་དག་ཐེར་ལེགས་བཅོས་དང་དམངས་ཚིས་དོན་དངོས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་དང་གྲུབ་འབྲས་བཟང་བོ་བླངས། རྫོང་ཁོངས་ཀྱི་ཚགས་དམ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་སུ་ཚགས་དམ་རྣམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐུན་མོང་ཚོགས་པ་བརྒྱད་བཙུགས། ལོ་གཅིག་གི་ནང་པེ་ཅིང་གི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་སོགས་ཀྱི་སྨན་བཅོས་ཆེད་མཁས་པ་བརྒྱ་དང་བཅུ་བདུན་ནང་འདྲེན་བྱས་པ་དང་། ཡུས་ཧྲུའུ་ཡི་གཞི་རིམ་སྨན་བཅོས་རྐང་འཛིན་པ་བརྒྱ་དང་སོ་གསུམ་ཕྱི་རུ་གསོ་སྦྱོང་ལ་འགྲོ་བར་བཀོད་སྒྲིག་བྱས་ཤིང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱ་བ་སོ་སོའི་འགན་སྲུང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཇོན་མིའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱ་བའི་ལྟ་སྦྱོང་བྱ་འགུལ་གྱི་འགན་སྒྲུབ་བྱ་བ་བདེ་བླག་ངང་ཡོངས་གྲུབ་བྱས། བོད་ལུགས་གསོ་རིག་སྨན་པ་རྒན་པ་བཅུ་ཡིས་ནད་བརྟག་སྨན་བཅོས་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་བོད་ཀྱི་གསོ་རིག་ཆེད་མཁས་པས་སློབ་མ་སྐྱོང་བའི་ལས་དོན་སྤེལ་ནས་བོད་ལུགས་གསོ་རིགས་སྨན་པ་རྒན་པ་བཅུ་དྲུག་གིས་ན་གཞོན་པ་རྐང་འཛིན་པ་ང་བརྒྱད་གསོ་སྐྱོང་བྱས་པ་དང་བསྡོམས་པས་བོད་ལུགས་གསོ་རིག་གི་རྐང་འཛིན་ཆེད་ལས་མི་སྣ་དྲུག་བརྒྱ་གྱ་དྲུག་ལ་གསོ་སྦྱོང་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།