ཀན་སུའུ་ཞིང་ཆེན་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་རིམ་པ6.2ཀྱི་ས་ཡོམ་བྱུང་རྗེས། སི་ཁྲོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་ལ་ཡོམ་འགོག་རྒུད་སྐྱོབ་དང་ཉེན་སེལ་མ་དངུལ་སྒོར་ས་ཡ་གཅིག་བྱིན་ནས་རོགས་སྐྱོར་བྱས། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དུས་ཐོག་ཏུ་ཆེད་སྤྱོད་མ་དངུལ་གནོད་ཁུལ་དུ་བཀོད་གཏོང་བྱས་ནས་སི་ཁྲོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བརྩེ་བ་དང་དྲོད་ཁོལ་གནོད་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱི་སར་བསྐྱལ།
ལྷ་མོ་ཚེ་རིང་གིས་བསྒྱུར།