ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ལ་ཡོམ་འགོག་རྒུད་སྐྱོབ་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་བརྒྱད་བཀོད་གཏོང་བྱས།
2023.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ལ་ཡོམ་འགོག་རྒུད་སྐྱོབ་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་བརྒྱད་བཀོད་གཏོང་བྱས།

ཀན་སུའུ་ཞིང་ཆེན་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ཚད་རིམ6.2ཀྱི་ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དུས་ཐོག་ཏུ་རང་འགུལ་ངང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལ་གནོད་འཚེའི་གནས་ཚུལ་སྙན་ཞུ་བྱས་པ་དང་རོགས་སྐྱོར་བརྩོན་ལེན་བྱས་པས། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་རྒུད་སྐྱོབ་འཚམས་འདྲིའི་མ་དངུལ་སྒོར་ས་ཡ་བརྒྱད་སྤྲད་དེ་ཤི་རྨས་བྱུང་བའི་ལས་བྱེད་མང་ཚོགས་དང་། གནོད་འཚེ་ཐེབས་པའི་ལས་བྱེད་མང་ཚོགས། རྒུད་སྐྱོབ་མི་སྣ་བཅས་ལ་འཚམས་འདྲི་བྱ་རྒྱུའི་ཐད་བཀོལ་སྤྱོད་བྱས། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དུས་ཚོད་དང་པོའི་ནང་ཆེད་དངུལ་གནོད་འཚེ་ཐེབས་ཁུལ་དུ་བཀོད་གཏོང་བྱས་ནས་ཏང་དང་སྲིད་གཞུང་དང་། བཟོ་ཚོགས་རྩ་འཛུགས་ཀྱི་དྲོ་ཁོལ་དུས་ཐོག་ཏུ་གནོད་ཐེབས་ཁུལ་གྱི་ལས་བཟོ་མང་ཚོགས་ཁྲོད་སྐྱེལ།

ཤ་བོ་གསེར་མཚོས་བསྒྱུར།