ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་སྒོར་དུང་ཕྱུར་གཅིག་བཀོད་གཏོང་བྱས་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཡོམ་འགོག་རྒུད་སྐྱོབ་ཐད་བཀོལ་བར་རྒྱབ་སྐྱོར་བྱས།
2023.12.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན། མང་ཚོགས་བཅས་ལ་བཅངས་པའི་ཐུགས་ཁུར་མཚོར་པར་བྱེད་ཆེད། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་སྒོར་དུང་ཕྱུར་གཅིག་བཀོད་གཏོང་བྱས་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཡོམ་འགོག་རྒུད་སྐྱོབ་དང་གནོད་རྗེས་བསྐྱར་སྐྲུན་བྱ་བའི་ཐད་བཀོལ་བར་རྒྱབ་སྐྱོར་བྱས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། སྟོབས་ཤུགས་ཅི་ཡོད་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ཏེ། ངེས་པ་དོན་གྱིས་ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་ལེགས་པོར་སྒྲུབ་དགོས་པ་དང་། གནོད་ཐེབས་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ་ཡོམ་འགོག་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་སྔོན་ལ་བསྐྱོད་པ། ཁག་ཁུར་བྱེད་ཕོད་པ། གནོད་ཐེབས་གནས་ཚུལ་ཆེས་ཚབས་ཆེ་བའི་ས་གནས་སུ་བསྐྱོད་པ། མང་ཚོགས་ལ་ཆེས་དགོས་མཁོ་ཆེ་བའི་ས་གནས་སུ་བསྐྱོད་པ། གནོད་ཐེབས་མང་ཚོགས་ཀྱིས་བློ་གཏོད་སའི་མི་བྱེད་དགོས་ལ། ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་སྐུལ་སློང་དང་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཡོམ་འགོག་རྒུད་སྐྱོབ་ཁྲོད་ལས་བྱེད་པར་ལྟ་རྟོག་དང་དབྱེ་འབྱེད་བྱེད་པར་དོ་སྣང་བྱེད་པ། སྔོན་ཐོན་དཔེ་བཟང་དྲིལ་སྒྲོག་བྱེད་པར་དོ་སྣང་བྱས་ནས་ཡོམ་འགོག་རྒུད་སྐྱོབ་ཐད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་དངུལ་དེ་དུས་ཐོག་ཏུ་གནོད་ཁུལ་གྱི་གཞི་རིམ་དུ་སྤྲད་དེ་ཆེད་དངུལ་ཆེད་སྤྱོད་བྱེད་པ་དང་། གཙོ་བོ་ཡོམ་འགོག་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་གཞི་རིམ་གྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱ་རྒྱུ་དང་། གནོད་འཚེ་ཚབས་ཆེན་ཕོག་ནས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱ་རྒྱུ། གནོད་འཚེ་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་ཆས་ཞིག་གསོ་བྱ་རྒྱུའི་ཐད་སྤྱོད་དགོས་ཞེས་ནན་གྱིས་བསྟན།

ཤ་བོ་གསེར་མཚོས་བསྒྱུར།