ཉེ་ཆར། ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་བདུན་པ་དང་ཟི་ལིང་གྲོང་ཁྱེར་པེ་ཁྲོན་འཚོ་བའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་གཉིས་ལས་འགོ་ཚུགས་པའི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་ཁྲའོ་དབྱང་ལོས་ཏའོ་སྤྱི་གླིང་དུ་བསྡུས།
ཟི་ལིང་གྲོང་ཁྱེར་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་བདུན་པའི་རྒྱ་ཁྱོན་ལ་ཕལ་ཆེར་མུའུ92.57དང་། དེ་མཁར་བྱང་ཆུས་ཁྲའོ་དབྱང་ལོས་ཏའོ་སྤྱི་གླིང་གི་སྐས་དབྱིབས་ས་ཁུལ་དུ་ཆགས་ཤིང་། ཉིན་རེར་ཏུན་ཁྲི་བརྒྱད་ཀྱི་གཙང་སྒྱུར་ནུས་པ་ལྡན་པའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་གཅིག་དང་། ཆ་ཚང་བའི་བཟོ་གྲྭའི་བཙོག་ཆུ་ནང་འདྲེན་ཕྱིར་གཏོང་སྦུག་དྲ་སྤྱི་ལེ་དྲུག་ཅན་འཛུགས་སྐྲུན་བྱ་རྩིས་ཡོད། རྣམ་གྲངས་དེར་ས་འོག་ཏུ་ལས་པའི་རྣམ་པ་སྤྱད་ཡོད་པ་དང་། དེ་འགྲུབ་རྗེས་མཚོ་སྔོན་གྱི་ས་ངོས་སྤྱི་གླིང་དང་ས་འོག་བཙོག་བཅོས་ཀྱི་ས་འོག་ཏུ་ལས་པའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་ཐོག་མར་འགྱུར་ལ། བཙོག་ཆུ་གཙང་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་མཉམ་འདྲེས་ཀྱིས་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་ཐུབ།
ཟི་ལིང་གྲོང་ཁྱེར་པེ་ཁྲོན་འཚོ་བའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭའི་རྒྱ་ཁྱོན་ལ་ཕལ་ཆེར་མུའུ15.91ཡོད་པ་དང་། དེ་པེ་ཁྲོན་ཆུ་བོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་བའི་ཁུལ་གྱི་ཅིའུ་ཅ་ཝན་གྱི་ཞིང་སའི་ཤུལ་དུ་གནས་ཤིང་། ཉིན་རེར་ཏུན་ཁྲི་གསུམ་གྱི་གཙང་སྒྱུར་ནུས་པ་ལྡན་པའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་གཅིག་དང་། ཆ་ཚང་བའི་བཟོ་གྲྭའི་བཙོག་ཆུ་ནང་འདྲེན་ཕྱིར་གཏོང་སྦུག་དྲ་སྤྱི་ལེ3.8བསྐྲུན་རྩིས་ཡོད། རྣམ་གྲངས་དེར་སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭའི་འཛུགས་སྐྲུན་རྣམ་པ་སྤྱད་པ་དང་། དེ་ངར་ལྕགས་ཀྱི་འཛུགས་སྐྲུན་རྣམ་པ་དང་མི་འདྲ་བར་སྤྱིའི་གྲུབ་ཚུལ་ལ་སྔོན་བཅོས་ལུགས་ཀྱི་སྒྲིག་སྦྱོར་བྱ་ཐབས་སྤྱད་ཡོད་ལ། ས་འཛུགས་ལས་གྲྭ་ཉུང་བ་དང་སའི་ཟིན་ཚད་རྒྱ་ཁྱོན་ཆུང་བ། འཛུགས་སྐྲུན་ལས་ཡུན་ཐུང་བ། བེད་སྤྱོད་ཡུན་རིང་བ། ནུས་ཁུངས་གྲོན་ཆུང་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་བ། ཕྱིར་གཏོང་ཆུ་སྤུས་བཟང་བ་བཅས་ཀྱི་དགེ་མཚན་ལྡན།ལས་གྲྭ་འགྲུབ་རྗེས། ས་ཁུལ་གཞན་དུ་བཞུར་བའི་ཙོང་ཆུའི་ཆུ་སྤུས་རིམ་པ་གསུམ་པ་ཅན་གཏན་འཇགས་རྒྱུན་སྲུང་གི་མཁྲེགས་གཏོར་འགུལ་སྐྱོད་དམིགས་འབེན་མངོན་འགྱུར་དང་། གཙང་བོ་གཅིག་གི་ཆུ་རྒྱུད་དྭངས་གཙང་ཡོང་བར་ཁག་ཐེག་བྱེད་ཐུབ།
ལྷ་མོ་འཚོས་བསྒྱུར།