ཅི་ཧྲི་ཧྲན་དུ་ཚད་རིམ6.2ཀྱི་ས་ཡོམ་བྱུང་བའི་ཚུན་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་། ཐའེ་ཝན་སྤུན་ཟླ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་བྱས།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཁྲིན་ཏུའུ་རུ་སྡོད་པའི་དཔལ་འབྱོར་དངུལ་གཏོང་གཞུང་ལས་ཁང་གིས་གློག་འཕྲིན་བཏང་ནས་འཚམས་འདྲི་བྱས་པར་མ་ཟད་སྲིད་འཛིན་དཔོན་ལིས་ཅ་ཁྲའོ་ཡིས་ཐུགས་ཁུར་གནང་བ་བརྒྱུད་སྒྲོག་བྱས་པ་དང་། གནོད་ཐེབས་ཁུལ་དཀའ་ཁག་ལས་ཐར་བར་རོགས་སྐྱོར་འོས་འཚམ་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་གྱིས་སྲིད་ཇུས་ཞིབ་འཇུག་དང་ཁུལ་ཁོངས་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་ལ་མངགས་བཅོལ་བྱས་ནས་གློག་འཕྲིན་བཏང་སྟེ། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ནུས་ཤུགས་གང་ཡོད་བཏོན་ནས་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན། ཞིན་ཏང་གི་ཀྲུའུ་ཞི་ཝུའུ་ཁྲིན་ཏེན་དང་རྒྱལ་ཡོངས་ཐའེ་ཝན་ཁེ་ལས་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ལེན་དབྱི་ཧྲིན་གྱིས་གཉིས་ཀྱིས་ཀྱང་སོ་སོར་གློག་འཕྲིན་བཏང་ནས་འཚམས་འདྲི་བྱས།
ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་ལས་རིགས་སོ་སོས་ཞལ་འདེབས་ཕུལ་ནས་རང་ཞིང་གི་ཡོམ་འགོག་རྒུད་སྐྱོབ་དང་གནོད་རྗེས་བསྐྱར་སྐྲུན་བྱ་བར་རྒྱབ་སྐྱོར་བྱས།
ཤ་བོ་གསེར་མཚོས་བསྒྱུར།