རྒྱལ་ཁབ་མང་པོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དང་། ཕྱི་རྒྱལ་གྱི་ས་གནས་སྲིད་གཞུང་དང་ཕྱི་རྒྱལ་གྱི་སྲིད་ཏང། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱིས་རང་ཞིང་ལ་མཚམས་འདྲི་བྱས།
ཅི་ཧྲི་ཧྲན་དུ་ཚད་རིམ6.2ཀྱི་ས་ཡོམ་བྱུང་བའི་ཚུན་ལ། རྒྱལ་ཁབ་མང་པོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དང་། ཕྱི་རྒྱལ་གྱི་ས་གནས་སྲིད་གཞུང་། ཕྱི་རྒྱལ་གྱི་སྲིད་ཏང་། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱིས་རང་ཞིང་ལ་འཕྲིན་ཡིག་དང་གློག་འཕྲིན་བསྐུར་ནས་མཚམས་འདྲི་བྱས།
ཕ་ཁི་སི་ཐན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཁཱ་ལིས་ཨར·ཧ་ཧྲི་མིས། དབྱིན་ཇིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཝུའུ་རའོ་ལན། མོང་གོལ་རྒྱལ་ཁབ་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཐུའུ·པ་ཏི་ཨར་ལི། དབྱི་ཐ་ལི་དང་། མའོ་ཞི་ཁོ། ཕེ་རུ། ཐུར་ཁེ། ཧྥེ་ལེ་པེན། ཨ་ཀེན་ཐིན་བཅས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་། ཝུ་ར་ཀུའེ་ས་ཨར་ཐའོ་ཞིང་ཆེན་གྱི་ཧྲིན་ཀྲང་ཨན་ཏི་ལེ་སི·ལིས་མཱ། ནེ་པ་ལ་གུང་ཁྲན་ཏང་གི་རྒྱུན་ཨུ། ཕྱི་དོན་པུའུ་ཡི་པུའུ་ཀྲང་ལཱ་ཅན·པ་ཐི་ལ་དབྱེ། ཨེ་ཤ་ཡ་བྱང་ཤར་ས་ཁུལ་གྱི་ས་གནས་སྲིད་གཞུང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རང་ཞིང་ལ་འཕྲིན་ཡིག་དང་གློག་འཕྲིན་བསྐུར་ཏེ། ཐེངས་འདིའི་ས་ཡོམ་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་རྨས་མ་རྣམས་ལ་མཚམས་འདྲི་བྱས་པར་མ་ཟད། ལས་ཡུལ་དང་པོ་བརྟན་སྲུང་བྱེད་པའི་རོགས་སྐྱོབ་མི་སྣར་བླ་མེད་གུས་འདུད་ཞུས།
རིག་འཛིན་སྒྲོལ་མས་བསྒྱུར།